ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

རྩོམ་པ་པོ།   དུས་ཚོད།   2013-03-25   རྩོམ་ཁུངས།   

 —— སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག
(2013ལོའི་ཟླ་3ཚེས་3ཉིན)
ཅ་ཆིང་ལིན།


     ཨུ་ཡོན་རྣམ་པ།
       ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་འདས་པའི་ལོ་ལྔའི་ལས་དོན་སྙན་སེང་ཞུ་རྒྱུ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལས་དོན་ཐད་གྲོས་འཆར་ཞུ་རྒྱུ་ཡིན་པས།གྲོས་ཞིབ་གནང་རོགས་གནང་།
       གཅིག འདས་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་ལྟ་བ།
       འདས་པའི་ལོ་ལྔ་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འགྲན་རྩོད་དྲག་པོ་ལས་རྣམ་པར་རྒྱལ་བ་དང་གྲུབ་འབྲས་རྨད་བྱུང་ཐོབ་པའི་ལོ་ལྔ་ཡིན་ལ།མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དེ་རྒྱུན་འཛིན་བྱེད་མུར་གསར་གཏོད་དང་སྲ་བརྟན་ཡོང་མུར་གོང་འཕེལ་བྱུང་བའི་ལོ་ལྔ་ཡིན།ལོ་ལྔའི་རིང་ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་གནང་བའི་འོགམི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་མཐའ་འཁྱོངས་བྱས་པ།ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྒྲུབ་པ།འབྲེལ་བ་མཐུན་སྦྱོར་དང་།སྟོབས་ཤུགས་འདུ་འགྲིལ།ཐབས་འདོན་ཇུས་འདོན།སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་གང་ཡོད་འདོན་སྤེལ་བྱས་པ་སོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་དང་།འཆམ་མཐུན་བརྟན་གནས་སྲུང་སྐྱོང་བྱ་རྒྱུ།མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ།ཕྱི་ཕྱོགས་འབྲེལ་བ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ནས་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཐོག་རྒྱུན་མཐུད་ནས་ལེ་ཚན་གསར་པ་ཞིག་བཀོད་ཡོད།
       (གཅིག) ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་བཟོས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ།
       བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཁ་ཕྱོགས་བརྟན་པོ་ཡོང་བའི་རྩ་བའི་འགན་ལེན་ཡིན།ང་ཚོས་བསམ་བློའི་རྩ་བ་བརྟན་པོ་བཟོ་རྒྱུ་དེ་ཨང་དང་པོར་བཞག་ནས་ཀྲུང་གུང་གི་ཚོགས་ཆེན་བཅུ་བདུན་པ་དང་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་90དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་60འཁོར་བ་སོགས་ཀྱི་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ།《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་དེ་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་སློབ་སྦྱོང་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་གི་མ་ལག་ལག་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་ཨུ་ཡོན་ཚོས་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་རྒྱུ་དང་།ཤིས་དོན་ཡག་པོ་སྒྲུབ་རྒྱུ།སྒྲུབ་དཀའ་བའི་དོན་འཚམ་པོ་སྒྲུབ་རྒྱུ་བཅས་ཀྱི་ཐད་སྣེ་ཁྲིད་ཧུར་ཐག་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དང་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་ཆེན་པོ་ངོས་འཛིན་བྱ་རྒྱུ་དང་།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་རྒྱུའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་ལས་ལྷག་པའི་ཆེ་རུ་བཏང་ནས་ལོ་ལྔའི་ནང་རྒྱུན་ལས་ཨུ་ཡོན་གྱི་ཆེད་དོན་སློབ་སྦྱོང་སློབ་ཁྲིད་ཐེངས་12དང་།པེ་ཅིང་དུ་ཡོད་པའི་ཨུ་ཡོན་གྱི་སློབ་སྦྱོང་སྙན་ཞུའི་ཚོགས་འདུ་ཐེངས་11 རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་ཞིབ་གྲོས་འཛིན་གྲྭ་དང་སྲིད་གྲོས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་37བཅས་འཛུགས་གཉེར་བྱས་པ་ཡིན།
       ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་འཛུགས་སྐྲུན་ཏན་ཏིག་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དང་དམངས་གཙོའི་ལག་ལེན་ཧུར་ཐག་བྱས་པ་ཡིན།ཚང་འཛོམས་གྲོས་ཚོགས་དང་།རྒྱུན་ལས་གྲོས་ཚོགས།ཀྲུའུ་ཞིའི་གྲོས་ཚོགས་སོགས་ཀྱི་ཐོག་གྲོས་མོལ་གྱི་རྣམ་པ་ལྡན་པ་མ་ཟད།ཆེད་དོན་གྲོས་མོལ་དང་།ལས་རིགས་གྲོས་མོལ།ཁ་སྤྲོད་གྲོས་མོལ།གྲོས་གཞི་གཉེར་སྒྲུབ་གྲོས་མོལ་སོགས་གྲོས་མོལ་བྱེད་སྟངས་གསར་གཏོད་བྱས་ཡོད་པས།ལོ་ལྔའི་ནང་གྲོས་མོལ་སྣ་ཚོགས་ཀྱི་བྱེད་སྒོ་420ལྷག་གཉེར་སྐྱོང་བྱས་པ་ཡིན།ས་གནས་ཁག་གིས་གཏན་འཁེལ་བྱས་པའི་ཆབ་སྲིད་གྲོས་མོལ་བྱེད་སྟངས་ཀྱི་ལུགས་སྲོལ་ལེགས་རིགས་ལ་ཕྱོགས་བསྡོམས་ནན་ཏན་བྱས་པ་དང་ཁྱབ་གདལ་བཏང་ནས་གྲོས་མོལ་གྱི་བརྗོད་གཞི་གཏན་འཁེལ་ཚན་རིག་དང་མཐུན་པ་བྱ་རྒྱུ་དང་།གྲོས་མོལ་གྱི་གོ་རིམ་ཚད་ལྡན་བཟོ་རྒྱུ།གྲུབ་འབྲས་བེད་སྤྱོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་བྱས་ནས་གྲོས་མོལ་གྱི་སྤུས་ཀ་དག་ཏུ་བཏང་ཐུབ་ཡོད།དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་མེད་པའི་མི་སྣའི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་ཏེ་ཁོང་ཚོ་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་ཐད་གྲོས་མོལ་སྲིད་གླེང་བྱེད་དུ་བཅུག་སྟེ་དམངས་གཙོའི་ཏང་ཤོག་དང་མཉམ་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ཏང་ཤོག་གི་གྲོས་གཞི་དང་ཡུལ་བབ་དམངས་འདུན་ཆ་འཕྲིན་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་པས།དམངས་གཙོའི་ཏང་ཤོག་གི་ཀྲུང་དབྱང་དང་།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་ལོ་ལྔའི་ནང་ཁྱོན་བསྡོམས་གྲོས་གཞི་1347བཏོན་པ་དང་།ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་19992བཏོན་པ།ཚོགས་ཆེན་གྱི་གཏམ་བཤད་310བྱས་པ་བཅས་མི་དམངས་སྲིད་གྲོས་དེ་ཉིད་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལས་ཁུངས་གལ་ཆེན་ཞིག་ཡིན་པའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་ཐུབ་ཡོད།

      (གཉིས) ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་མགྱོ གས་པོ་ཡོང་རྒྱུར་སྐུལ་འདེད་བྱས་པ།
       འདས་པའི་ལོ་ལྔའི་ནང་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་བྱུང་ཡོད་ལ་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཁའི་འགལ་རྐྱེན་སོགས་ཀྱི་འགྲན་རྩོད་དྲག་པོའི་གནད་དོན་ཡང་འཕྲད་ཡོད།ང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་དེ་འགན་ནུས་སྒྲུབ་རྒྱུའི་འགན་གནད་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་པ་དང་།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རང་བཞིན་དང་།འཐབ་ཇུས་རང་བཞིན།རྒྱང་ལྟའི་རང་བཞིན་བཅས་ཀྱི་བརྗོད་དོན་དམ་འཛིན་བྱས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་དང་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་11སྐོང་ཚོགས་བྱས་པ་དང་བརྟག་ཞིབ་ལྟ་ཞིབ་ཀྱི་བྱེད་སྒོ་ཐེངས་509སྤེལ་ནས་བསམ་འཆར་དང་གྲོས་འཆར་སྤུས་དག་མང་པོ་ཕུལ་ཡོད།“ལྔ་ཚན་བཅུ་གཉིས་པའི”འཆར་འགོད་གཏན་འཁེལ་བྱ་རྒྱུ་དང་ལག་བསྟར་བྱ་རྒྱུར་དམིགས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་དང་།གྲོང་རྡལ་ཅན་དུ་འགྱུར་རྒྱུ་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།རྒྱ་མཚོའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སོགས་ཀྱི་ཐད་ལ་གྲོས་འཆར་བཏོན་ཏེ།“ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་ནང་བསྡུ་ལེན་དང་ཁས་ལེན་བྱས་ཡོད།དཔལ་འབྱོར་སྤེལ་སྟངས་སྒྱུར་བ་མགྱོ གས་སུ་གཏོང་རྒྱུའི་ནང་གི་འགལ་ཟླ་དང་གནད་དོན་ལ་དམིགས་ནས་གཙོ་བོ་ནང་མཁོ་རྒྱ་བསྐྱེད་དང་ཕྱི་མཁོ་བརྟན་པོ་བཟོ་རྒྱུ་དང་།དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ།འཕེལ་རྒྱས་ནུས་པའི་སྐུལ་ཤུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ།རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གྲོས་འཆར་བཏོན་ཏེ་དཔལ་འབྱོར་སྒྲུབ་གཞིར་འཐབ་ཇུས་རང་བཞིན་ལྡན་པའི་ལེགས་སྒྲིག་བྱ་རྒྱུར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད།ཡོང་འབབ་བགོས་འགྲེམ་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བྱ་རྒྱུ་དང་།ཚན་རྩལ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།དངུལ་རྩའི་མ་ལག་འབྲིང་ཆུང་གསར་གཏོད་འཕེལ་རྒྱས་གཏོང་རྒྱུ།ཕྱི་སྐྱོད་ཀྱི་གོམ་སྟབས་མགྱོ གས་སུ་གཏོང་རྒྱུ་སོགས་ལ་དམིགས་པའི་གྲོས་འཆར་བཏོན་ནས་བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།ནུབ་རྒྱུད་ཐོན་འབྱེད་ཆེན་པོ་བྱ་རྒྱུ་དང་།བྱང་ཤར་ས་ཁུལ་སོགས་བཟོ་ལས་གནས་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ།དབུས་རྒྱུད་ས་ཁུལ་འབུར་ཐོན་ཡོང་བ་བྱ་རྒྱུ།ཤར་ཕྱོགས་ས་ཁུལ་སྔོན་ལ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཀྱི་ཐད་ལ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ་ཡིན།ཧའེ་ནན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་དང་།མཚོ་འགག་ནུབ་ངོགས་ཀྱི་དཔལ་འབྱོར་ཁུལ།ཀྲུང་ཧྭ་དབུས་རྒྱུད་དཔལ་འབྱོར་ཁུལ།ཅང་ཤིའི་ལྷོ་རྒྱུད་སོགས་སྔར་གྱི་ཀྲུང་དབྱང་སུའུ་ཁུལ་གྱི་དཔལ་འབྱོར་ཁུལ།ལེའོ་ཉིང་མཚོ་འགྲམ་དཔལ་འབྱོར་རྒྱུད།ཧྲན་ཏུང་ཕྱེད་གླིང་གི་སྔོ་ལྗང་དཔལ་འབྱོར་ཁུལ།བྱང་ངོས་མཚོ་ཁུག་དཔལ་འབྱོར་ཁུལ།ལྷོ་སྐྱོད་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོའི་འཛུགས་སྐྲུན་སོགས་ས་ཁོངས་ཀྱི་འཆར་འགོད་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་འགྱུར་བ་བྱ་རྒྱུ་དང་།ཝུའུ་ལིན་རི་ཁུལ་སོགས་དམིགས་བསལ་དཀའ་ངལ་ཡོད་ཁུལ་གྱི་མུ་འབྲེལ་དབུལ་སྐྱོར་ཐོན་འབྱེད་བྱེད་མགྱོ གས་སུ་གཏོང་རྒྱུ།ཀུའེ་ཀྲོའུ་དཔལ་འབྱོར་འཕེལ་རྒྱས་ལེགས་ལ་མྱུར་པོ་་ཡོང་བ་བྱ་རྒྱུ་སོགས་ཀྱི་ཐད་ལ་གྲོས་འཆར་བཏོན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བྱས་པ་ཡིན།རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་འཕེལ་བཟོར་རྗེས་འདེད་དང་ཞིབ་འཇུག་ཚོད་དཔག་བྱས་ནས་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་དབྱེ་ཞིབ་ཚོགས་འདུ་དང་ཆེད་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་འགུལ་རྣམ་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་དང་སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལེགས་བཅོས་བྱ་རྒྱུར་ཕན་པའི་དཔྱད་གཞི་མཁོ་སྤྲོད་བྱས་པ་ཡིན།ང་ཚོས་སྐྱེ་ཚུལ་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་དེ་འགན་ནུས་སྒྲུབ་བྱ་གལ་ཆེན་ཞིག་ཏུ་རྩིས་ནས།བརྟག་ཞིབ་ལྟ་ཞིབ་དང་གྲོས་ཚོགས་གླེང་སྟེགས།གྲོས་གཞི་ཆ་འཕྲིན་སོགས་ཀྱི་ཐད་ལ་རྒྱུན་མཐུད་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ནུས་ཁུངས་ཟད་གྲོན་གྱི་སྤྱིའི་འབོར་ཚད་ཀྱི་ཚོད་འཛིན་དམིགས་ཚད་བཟོ་རྒྱུ་དང་།ཐོན་ཁུངས་བེད་སྤྱོད་རིན་དོད་ཡོད་པ་བྱ་རྒྱུ།ཐོན་ཁུངས་ཅན་གྱི་དཔལ་འབྱོར་རིགས་སྒྱུར་གྱི་ཕྱོགས་བསྡུས་ལེ་སྒྲིག་སྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུ།གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ།ནགས་ཚལ་དང་མཉམ་སྡེབ་ནགས་དབང་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱེད་པར་དོ་སྣང་བྱ་རྒྱུ།“ཆུ་གསུམ་གྱི་ཆུ་རྩ་”དང་ཧེང་ཧྲུའི་མཚེའུ་དེ་བཞིན་ཆན་ཏའོ་མཚེའུ་བཅས་ཀྱི་སྤུས་ལེགས་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གྲོས་འཆར་བཏོན་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་དང་ཁས་ལེན་གནང་བ་རེད།
       (གསུམ) སྤྱི་ཚོགས་ཀྱི་འཛུགས་སྐྲུན་དང་དོ་དམ་ལ་ཐེ་ཞུགས་ཧུར་ཐག་བྱས་ནས་རིག་གནས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ཐད་སྐུལ་འདེད་བྱས་པ།
       སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་དུས་བབ་གསར་པའི་ལས་འགན་གསར་པ་གཞིར་བཟུང་ནས་གཏན་འཁེལ་གནང་བའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་ཞིང་།མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་རྒྱུའི་ཐད་ཀྱི་བླང་བྱ་གསར་པ་ཞིག་རེད།ང་ཚོས་“སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི”སྐོར་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ།སྤྱི་ཚོགས་ཀྱི་དོ་དམ་ཐད་གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་།སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་དང་སྤྱི་པའི་བདེ་འཇགས་མ་ལག་གི་འཛུགས་སྐུན་ལ་ཤུགས་སྣོན་རྒྱག་རྒྱུ།རྒྱུན་ལྡན་མིན་པའི་ཞུ་བཅར་མཐའ་གཅོད་ལམ་སྲོལ་འཐུས་ཚང་བཟོ་རྒྱུ།ཁྲིམས་ལུགས་ལས་རིགས་ཀྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་ལ་གྲོས་འཆར་བཏོན་ནས་ཏང་དང་སྲིད་གཞུང་ནས་སྤྱི་ཚོགས་དོ་དམ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་གལ་ཆེའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད།མི་དམངས་མང་ཚོགས་ལ་དོ་སྣང་ཆེ་ཤོས་ཡོང་བ་དང་།ཐད་ཀའི་འབྲེལ་བ་ཡོད་ཤོས།དངོས་སུ་ཡོད་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས།འོས་འགན་སློབ་གསོ་འཕེལ་རྒྱས་སྙོམས་པོ་ཡོང་བར་སྐུལ་འདེད་བྱ་རྒྱུ་དང་།ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོ གས་སུ་གཏོང་རྒྱུ།གྲོང་ཁྱེར་གྲོང་གསེབ་ཀྱི་ལས་ཞུགས་གཅིག་གྱུར་འཆར་འགོད་བྱ་རྒྱུ།གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གསར་པར་སྐུལ་འདེད་བྱ་རྒྱུ།དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་མ་ལག་འཐུས་ཚང་བཟོ་རྒྱུ།གཞུང་འཛུགས་སྨན་ཁང་གི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏོང་རྒྱུ།ཞིང་པ་ལས་མི་དང་།གྲོང་གསེབ་གཞིས་སྲུང་མི་སྣ།དབང་པོ་སྐྱོན་ཅན།རྒྱལ་གཉེར་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་བྱས་པའི་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སོགས་ཀྱི་ཐད་ལ་གྲོས་འཆར་བཏོན་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་སྤེལ་བྱས་ཡོད།སྲིད་གྲོས་ཀྱི་རྒྱ་ཆེའི་ཨུ་ཡོན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་གྱིས་སྒྲུབ་རྒྱུར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ་རང་བྱུང་གི་གནོད་འཚེ་ཆེན་པོ་འགོག་སེལ་དང་གནོད་འཚེ་ཕོག་རྗེས་ཀྱི་ཉམས་གསོ་བྱ་རྒྱུའི་ནང་ཐེ་ཞུགས་ཧུར་ཐག་བྱས་ཏེ་ཤེས་ནུས་ཀྱི་དབུལ་སྐྱོར་དང་།གཟི་འོད་བྱ་གཞགསློབ་སྐྱོར་ཞལ་འདེབས།སྨན་བཅོས་ཞབས་ཞུ།སློབ་གསོར་རྒྱབ་སྐྱོར་སོགས་བྱེད་པའི་དམངས་ཕན་གྱི་བྱེད་སྒོ་ཚ་ཚ་འུར་འུར་སྤེལ་ནས་རྣམ་པ་བཟང་པོ་སྟོན་ཐུབ་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་།རང་སྐྱོང་ཀྲོའུ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ།བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་གི“འབྲོག་ཁུལ་དང་།འབྲོག་ལས།འབྲོག་པ་”བཅས་ཀྱི་གནད་དོན།གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ནུས་ཤུགས་ལེགས་སྐྱེས་ཕུལ་ཡོད།ཆོས་ལུགས་ལས་དོན་གྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུར་དམིགས་ནས་ཆོས་ལུགས་སློབ་གྲྭའི་འཛུགས་སྐྲུན་དང་ཆོས་ལུགས་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་།ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་འགན་སྲུང་གི་གནད་དོན་སོགས་ཀྱི་ཐད་ལ་ཐབས་འདོན་ཇུས་འདོན་བྱས་ཏེ་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཡོད།གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་མི་རིགས་ས་ཁུལ་གྱི་འཛུགས་སྐྲུན་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་འཚམས་འདྲི་བྱས་ནས་གྲངས་ཉུང་མི་རིགས་མང་ཚོགས་དབར་དང་དད་ལྡན་མང་ཚོགས་དབར་གྱི་འབྲེལ་བ་སྔར་ལས་ཟབ་ཏུ་ཕྱིན་ཡོད།
       ང་ཚོས་རིག་གནས་སྒྲིག་གཞིའི་ལམ་ལུགས་སྒྱུར་བཅོས་བྱས་ནས་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་ཆེན་པོ་དང་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གལ་ཆེའི་ཇུས་བཀོད་གཞིར་བཟུང་སྟེ“རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་”ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་དང་།རིག་རྩལ་སློབ་གྲྭ་དང་ཚོགས་པའི་ནང་ཟབ་འཇུག་བྱས་ནས་ཆེད་དོན་རྟོག་ཞིབ་བྱས་ཏེ་པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཡག་པོ་གཉེར་རྒྱུ།དམངས་ཡོངས་ལུས་སྦྱོང་སྲོལ་ཡིག་དོན་འཁྱོལ་བྱ་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་གཞི་གཅིག་ཏུ་འགྱུར་རྒྱུ།དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ།ས་གནས་ཀྱི་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་བྱ་རྒྱུ།“ཡིག་ཚང་ནང་གི་ནོར་བུ་བཞི་”སོགས་སྲོལ་རྒྱུན་གྱི་ཐོན་ལས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུ།སྤྱི་ཚོགས་ཀྱི་མ་རྩ་རིག་གནས་ཐོན་ལས་ནང་འཇོག་རྒྱུར་སྐུལ་འདེད་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ནས་བསམ་འཆར་དང་གྲོས་འཆར་བཏོན་པ་མང་པོ་ཞིག་ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཏུ་འགྱུར་ཐུབ་པ་བྱུང་ཡོད།ཧང་ཀྲོའུ་ཤིའི་ཧུའུ་མཚེའུ་དང་།མི་བཟོས་གཙང་པོ་ཆེན་པོ།གནའ་བོའི་སི་ཁྲོན་བར་གྱི་ལམ་རྒྱུད་རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་གནའ་ཤུལ་རེ་ཞུ་བྱ་རྒྱུ།དེ་བཞིན་ལྕགས་རི་རིང་པོའི་སྲུང་སྐྱོབ་སོགས་གལ་ཆེའི་རིག་གནས་ལས་གཞི་དངོས་སུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱས་ནས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་ཐོན་འབྱེད་བྱ་རྒྱུར་སྐུལ་ལྕག་ཕན་ནུས་ཐོན་པ་བྱེད་ཐུབ་ཡོད།རྩོམ་རིག་གསར་རྩོམ་དང་།ཡིག་རིས་སྤེལ་རེས།ཟློས་གར་འཁྲབ་སྟོན་སོགས་སྒྲིག་འཛུགས་བྱས་པ་དང་།《རྒྱལ་འཛུགས་བྱ་གཞག་ཆེན་པོ》དང་《ལྕགས་ཕག་ལོའི་གསར་བརྗེ》སོགས་གློག་བརྙན་བརྙན་འཕྲིན་བརྩམས་བྱ་ཕུལ་བྱུང་ཁག་ཅིག་གི་གསར་རྩོམ་ནང་ཐེ་ཞུགས་བྱས་ཏེ་གཞི་རིམ་མང་ཚོགས་ནང་ཟབ་འཇུག་བྱས་ནས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྤེལ་བར་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།ཀྲུང་གོའི་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་གསར་སྐྲུན་བྱས་ཐོག་སྤྱི་ཚོགས་ལ་སྒོ་ཕྱེ་བ་དང་།《རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞི་བདམས་སྒྲིག་》རྩོམ་སྒྲིག་པར་སྐྲུན་བྱས་པ་སོགས་རིག་གནས་ལོ་རྒྱུས་རིགས་ཀྱི་ཆེད་དོན་དཔེ་དེབ་ཡིག་འབྲུ་ཁྲི་4200ཡོད་པས།“ལོ་རྒྱུས་ཉར་ཚགས་དང་།སྲིད་སྐྱོང་རོགས་ཕན།མཐུན་སྒྲིལ།མི་སྣ་གསོ་སྐྱོང”བཅས་རིག་གནས་ལོ་རྒྱུས་རྒྱུ་ཆའི་སྤྱི་ཚོགས་ཕན་ནུས་དེ་བས་མངོན་གསལ་དོད་དུ་སོང་ཡོད།
       (བཞི)ཀང་ཨའོ་སྤུན་ཟླ་དང་།ཐའེ་དབན་སྤུན་ཟླ།ཕྱིར་སྡོད་རང་མི་བཅས་ལ་མཐུན་སྒྲིལ་མཐུན་འབྲེལ་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།
        མེས་རྒྱལ་ཡོངས་སུ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བ་བྱེད་དགོས་ན།ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་ཡིན་ཞིང་།ང་ཚོས་ཀང་ཨའོ་སྤུན་ཟླ་དང་།ཐའེ་དབན་སྤུན་ཟླ།ཕྱིར་སྡོད་རང་མི་བཅས་ལ་འབྲེལ་གཏུགས་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་100འཁོར་བར་དྲན་གསོ་བྱེད་པ་སོགས་ཀྱི་གལ་ཆེའི་བྱེད་སྒོ་གཉེར་སྐྱོང་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་རྒྱ་བསྐྱེད་ཡོང་ཐབས་བྱས་པ་ཡིན།ཀང་ཨའོ་ཨུ་ཡོན་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྐབས་འཕྲལ་བརྡ་ཁྱབ་བྱས་པ་དང་།ཀང་ཨའོ་ཨུ་ཡོན་གྱི་དགེ་མཚན་ནུས་པ་ཉིས་བརྩེགས་འདོན་སྤེལ་བྱ་རྒྱུའི་རྗེས་འདེད་བརྟག་ཞིབ་བྱས་ཏེ་ཀང་ཨའོ་ཨུ་ཡོན་གྱིས་གནས་ཚུལ་རྒྱུས་མངའ་དང་།སྲིད་ཇུས་ཤེས་པ།འགན་ནུས་སྒྲུབ་པ་བཅས་བྱ་རྒྱུའི་ཆ་རྐྱེན་སྐྲུན་ནས་ཀང་ཨའོ་ཨུ་ཡོན་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་དྲིལ་བསྒྲགས་བྱེད་པའི་དཔེ་སྟོན་བྱ་རྒྱུའི་སྣེ་ཁྲིད་བྱས་པ་ཡིན།ཀང་ཨའོ་སྲིད་ཚོགས་དང་།ཚོགས་པ།ཚབ་མཚོན་མི་སྣ་བཅས་དང་འབྲེལ་གཏུགས་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཀང་ཨའོ་ཨུ་ཡོན་གྱིས་ཀང་ཨའོ་ཡི་ན་གཞོན་བྱིས་པར་རྒྱལ་ཁབ་ཀྱི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དང་ཁོ་ཚོ་སྒྲིག་འཛུགས་བྱས་ནས་མེས་རྒྱལ་དུ་ཡོང་སྟེ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་འཕེལ་རྒྱས་བཏང་ཡོད།ལོ་ལྔའི་ནང་ཀང་ཨའོ་ཡི་འཚམས་འདྲི་ཚོགས་པ་66དང་།མི་ཐེངས་2687ལ་སྣེ་ལེན་བྱས་པ་དང་།ཚོགས་པ་སྒྲིག་འཛུགས་བྱས་ནས་ཀང་ཨའོ་དུ་སྐྱོད་ཐེངས་48 དང་ཀང་ཨའོ་ཨུ་ཡོན་གྱི་རྟོག་ཞིབ་བྱེད་སྒོ་14སྒྲིག་འཛུགས་བྱས་པ་ཡིན།
       མཚོ་ངོགས་གཉིས་ཀྱི་འབྲེལ་བ་དང་ཞི་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཐའེ་དབན་གླིང་ཕྲན་ནང་གི་འབྲེལ་ཡོད་ཏང་ཤོག་དང་།ཚོགས་པ།སྤྱི་ཚོགས་རྩ་འཛུགས།གཞི་རིམ་མང་ཚོགས།ན་གཞོན་བྱིས་པའི་ཚོགས་པ་ཁག་བཅས་དབར་གྱི་མཉམ་འགུལ་བཟང་པོ་བྱེད་རྒྱ་ཆེ་རུ་བཏང་བ་དང་།རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྐུ་ཚབ་ཚོགས་པ་སོགས་ཀྱི་མིང་ཐོག་ནས་གླིང་ཕྲན་དུ་སྐྱོད་དེ་སྤེལ་རེས་ཐེངས་20བྱས་པ་དང་“ཐའེ་དབན་དམངས་འདོད་སྐུ་ཚབ་ཀྱི་སྤེལ་རེས་འཚམས་འདྲི་ཚོགས་པ”འཚམས་འདྲི་བྱེད་དུ་གདན་ཞུ་བྱས་པ་ཡིན།ཧོ་ལོ་རིག་གནས་དང་།ཧོང་ཕུའུ་སྙིང་སྟོབས།ཆོས་ལུགས་དམངས་སྲོལ།ཀྲུང་ཧྭ་དྲག་རྩལ།ཡིག་རིས་ཟློས་གར་སོགས་ལ་བརྟེན་ནས་ཐའེ་དབན་ལ་ལྟོས་པའི་སྲིད་གྲོས་ཀྱི་རིག་གནས་སྤེལ་རེས་ཁྱབ་ཁོངས་ཡངས་པ་དང་།གཏིང་ཟབ་པ།ལམ་སྲོལ་ཅན་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བྱས་པ་ཡིན།ཐའེ་དབན་གྱི་མ་རྩ་ཡིན་པའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་དང་།མཚོ་ངོགས་གཉིས་ཀྱི་ཞིང་ལས་མཉམ་ལས།ཚན་རྩལ་གསར་གཏོད།ཐའེ་དབན་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་མཚོ་ངོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཐབས་འདོན་ཇུས་འདོན་བྱས་པ་ཡིན།
       ཕྱིར་སྡོད་རང་མི་དང་ཚུར་ལོག་ཕྱིར་སྡོད་རང་མིའི་སྤུན་མཆེད་གྱི་མཐུན་སྒྲིལ་མཐུན་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ།ལོ་ལྔའི་ནང་རྒྱལ་ཁབ་43ནས་ཡོང་བའི་ཕྱིར་སྡོད་རང་མི་180གདན་ཞུ་བྱས་ནས་སྲིད་གྲོས་ཚང་འཛོམས་གྲོས་ཚོགས་སུ་ཟུར་བཞུགས་བྱས་པ་དང་།ཁོང་ཚོ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ལྟ་སྐོར་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་ཡིན།ཨ་ཧྥེ་རི་ཀའི་ཕྱིར་སྡོད་རང་མིའི་ལས་དོན་བསྐྱེད་སྤེལ་བྱས་པ་དང་།ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་པ།ཕྱིར་སྡོད་ཀྲུང་གོ་བའི་མི་རབས་གསར་པར་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་སོགས་ཕྱིར་སྡོད་རང་མིའི་སེམས་པ་རྡོག་འགྲིལ་དང་།བློ་རིག་གཅིག་འདུས།སྟོབས་ཤུགས་འདོན་སྤེལ།ཁེ་ཕན་སྲུང་སྐྱོང་བཅས་སྔར་ལས་ལྷག་པ་བྱུང་ཡོད།
       (ལྔ)ཕྱི་ཕྱོགས་ལ་མཛའ་མཐུན་གྱི་འགྲོ་འོང་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་ཞབས་འདེཌ་དེ་བས་ཡག་པོ་ཞུས་པ།
        ང་ཚོས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ་དང་།འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་ཡོད་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཛའ་མཐུན་འགྲོ་འོང་རྒྱ་བསྐྱེད་དང་གཏིང་ཟབ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།མཐོ་རིམ་གྱི་འགྲོ་འོང་ལ་མཐོང་ཆེན་བྱས་ཏེ་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་སྲིད་ཏང་ལམ་ལུགས་དེ་བཞིན་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་།ཐའེ་ཝན་དང་བོད་དེ་བཞིན་ཤིན་ཅང་སོགས་ཀྱི་གནད་དོན་ལ་དམིགས་ནས་རང་རྒྱལ་གྱི་སྲིད་ཇུས་འདོད་ཚུལ་དྲིལ་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་རྒྱུས་ལོན་པ་དང་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཆེ་རུ་ཕྱིན་ཡོད།རྒྱལ་སྤྱིའི་དུས་བབ་ཀྱི་གླེང་བརྗོད་གྲོས་ཚོགས་དང་བརྟག་ཞིབ་གྲོས་ཚོགས་སྐོང་ཚོགས་བྱས་ནས་ཡོ་རོབ་ཀྱི་བདག་དབང་བུན་དོན་ཉེན་ཁ་དང་།ཨེ་ཤེ་ཡ་ནུབ་ཕྱོགས།ཨ་ཧྥེ་རི་ཀ་བྱང་ཕྱོགས་བཅས་ཀྱི་དུས་བབ་སོགས་གལ་ཆེའི་གནད་དོན་ཐད་སྲིད་དོན་རོགས་ཕན་གྱི་ཇུས་འདོན་བྱས་ཏེ་ཀྲུང་དབྱང་གི་ཇུས་གཅོད་ལ་དཔྱད་གཞི་འདོན་སྤྲོད་བྱས་པ་ཡིན།ལོ་ལྔའི་ནང་འཚམས་འདྲི་ཚོགས་པ་163སྒྲིག་འཛུགས་ཕྱིར་སྐྱོད་བྱས་པ་དང་།འཚམས་འདྲི་ཚོགས་པ་61ལ་སྣེ་ལེན་བྱས་པ་ཡིན།“དུས་རབས་21པའི་གླེང་སྟེགས་”ཀྱི་2010ལོའི་གྲོས་ཚོགས་སོགས་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་7སྐོང་ཚོགས་བྱས་ཏེ།རྒྱལ་ཁབ་139 ཡི་སྒྲིག་གཞི་253དང་།རྒྱལ་སྤྱིའི་ངོ་བོ་ལྡན་པའམ་ཡང་ན་ས་གནས་ངོ་བོ་ལྡན་པའི་རྩ་འཛུགས་14ཡི་དབར་མཛའ་མཐུན་གྱི་འགྲོ་འོང་བྱས་པ་ཡིན།སྤྱི་པའི་ཕྱི་འབྲེལ་ལ་སྐུལ་འདེད་བྱ་རྒྱུ་དེ་ནི་མི་དམངས་སྲིད་གྲོས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་གཏུགས་བྱེད་པའི་ཁ་ཕྱོགས་གསར་འབྱེད་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ།ཕན་ཚུན་འགྲོ་འོང་བྱེད་སྐབས་མཐོ་རིམ་གྱི་གྲོས་གླེང་བྱེད་པ་དང་།རྒྱལ་སྤྱིའི་གྲོས་ཚོགས་གཉེར་སྐྱོང་ངམ་ཡང་ན་ཚོགས་ཞུགས་བྱེད་སྐབས་སྤེལ་རེས་ཟབ་པོ་བྱེད་པ།པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་དང་།དེ་བཞིན་སྤྱི་པའི་ཕྱི་འབྲེལ་གྱི་རྒྱལ་སྤྱིའི་གླེང་སྟེགས་ལ་སོགས་པའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཕྱིའི་འབྲེལ་ཡོད་རྩ་འཛུགས་དང་།གལ་ཆེའི་རིག་མཛོད།གཙོ་བོའི་སྨྱན་བྱེད།གྲགས་ཅན་མི་སྣ།མང་ཚོགས་དཀྱུས་མ་བཅས་ཀྱི་དབར་ལ་མཛའ་མཐུན་གྱི་འགྲོ་འོང་བྱས་པ་ཡིན།《སྤྱི་པའི་ཕྱི་འབྲེལ་གྱི་དུས་དེབ》གཉེར་ནས་ས་གནས་སྲིད་གྲོས་ཀྱི་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཐོགམི་དམངས་སྲིད་གྲོས་ཀྱི་སྤྱི་པའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་རྒྱུ་དང་།ལག་ལེན་གསར་གཏོད་བྱ་རྒྱུ།དྲིལ་བསྒྲགས་ཁྱབ་བདལ་གཏོང་རྒྱུ་བཅས་གཏིང་ཟབ་ཏུ་སོང་ཡོད།རྒྱལ་སྤྱིའི་བྱེད་སྒོའི་ནང་འབྲེལ་ཡོད་རྩ་འཛུགས་ཐེ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ།དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་སམ་རིགས་འདྲའི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་བྱེད་སྒོ་ཁག་གི་ནང་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཕྱོགས་ཡོངས་ནས་ཐེ་ཞུགས་བྱེད་ཆེད་ཀྲུང་གོ་དང་ཡོ་རོབ་ཀྱི་སྒྲོག་ཙེ་སྒོར་མོའི་གྲོས་ཚོགས་ཐེངས་9སྐོང་ཚོགས་བདེ་བླགས་བྱུང་བ་དང་།ཨ་ཏིང་ཨ་གླིང་དང་ཨ་ཧྥེ་རི་ཀ་ས་ཁུལ་ཁོངས་མིའི་སྒྲིག་འཛུགས་ཀྱི་ཕན་ཚུན་སྤེལ་རེས་ཀྱི་ལམ་སྲོལ་འཐུས་ཚང་བཟོ་རྒྱུར་སྐུལ་འདེད་བྱས་པ།གསེར་ཕག་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་སམ་རིགས་འདྲའི་རྩ་འཛུགས་ཀྱི་སྒྲོག་ཙེ་སྒོར་མོའི་གྲོས་ཚོགས་ཀྱི་སྤེལ་རེས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བྱས་པ་ཡིན།ཀྲུང་གོའི་ཆོས་ལུགས་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཕྱིའི་ཆོས་ལུགས་རིས་མེད་ཀྱི་ཞི་བདེའི་རྩ་འཛུགས་དབར་མཛའ་མཐུན་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ཐོག་འཛམ་གླིང་ཆོས་ལུགས་ཞི་བདེའི་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་དང་གླེང་སྟེགས་སུ་ཞུགས་པ་དང་།2010ལོའི་ཨེ་ཤེ་ཡའི་ཆོས་ལུགས་ཞི་བདེའི་ཚོགས་འདུའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་གཉེར་སྐྱོང་བྱས་ཏེ་རྒྱལ་སྤྱིའི་ཆོས་ལུགས་རིས་མེད་ཀྱི་རྩ་འཛུགས་ནང་རང་རྒྱལ་ཆོས་ལུགས་ལས་རིགས་ཀྱི་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན་ཡོད།
       (དྲུག)རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་སྲིད་གྲོས་ལས་དོན་གྱི་ཕན་འབྲས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱས་པ།
       ང་ཚོས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་རྒྱུན་ལྡན་གྱི་ལས་དོན་ལ་སྐུལ་འདེད་བྱས་ཏེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།དོན་གཅོད་ཐིང་དང་ཆེད་དོན་ཨུ་ལྷན་གྱིས་ཏང་སྲིད་ཚན་པ་དང་ཏང་ཤོག་ཚོགས་པ་དེ་བཞིན་ས་གནས་སྲིད་གྲོས་བཅས་དབར་གྱི་མཉམ་སྒྲུབ་གཞོགས་འདེགས་དམ་ཟབ་བྱས་ནས་ལས་ཀའི་མཉམ་ཤུགས་དངོས་འབྲེལ་ཆགས་ཐུབ་པ་བྱུང་ཡོད།དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་མེད་པའི་མི་སྣའི་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་