ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-25   རྩོམ་ཁུངས།   



ཀྲང་ཀའོ་ལི།
       ཕོ།རྒྱ་རིགས།1946ལོའི་ཟླ་11པར་འཁྲུངས།ཕུའུ་ཅན་ཅི་ཅང་ནས་ཡིན།1970ལོའི་ཟླ་8པར་ལས་ཀར་ཞུགས།1973ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཞ་མོན་སློབ་ཆེན་དཔལ་འབྱོར་ཚན་ཁག་གི་འཆར་འགོད་བསྡོམས་རྩིས་ཆེད་ལས་ཐོན།སློབ་གྲྭ་ཆེ་མོའི་སློབ་རྒྱུས་ལྡན།ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་ཡོད།
       1965—1970ལོ།ཞ་མོན་སློབ་ཆེན་དཔལ་འབྱོར་ཚན་ཁག་གི་འཆར་འགོད་བསྡོམས་རྩིས་ཆེད་ལས་སུ་སློབ་སྦྱོང་གནང་།
       1970—1971ལོ།རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་སྤྱི་ཁྱབ་མཛོད་ཁང་གི་དབོར་འདྲེན་བྱེད་མཁན་གནང་།
       1971—1974ལོ།རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་ཐོན་སྐྱེད་བཀོད་འདོམས་པུའི་གཞུང་ལས་ཁང་གི་དྲུང་ཡིག་དང་ཆབ་སྲིད་པུའི་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་གནང་།
       1974—1977ལོ།རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་སྡེ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཁུངས་ཏང་ཀྲི་པུའི་ཧྲུའུ་ཅི་གནང་།
       1977—1978 ལོ།རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭའི་འཁོར་ཁང་དང་པོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་དང་།སློབ་སྟོན་པ་གནང་།
       1978—1980ལོ།རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་གནང་།
       1980—1983ལོ།རྡོ་སྣུམ་པུའི་མའོ་མིང་རྡོ་སྣུམ་བཟོ་ལས་ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གནང་།
       1983—1984ལོ།རྡོ་སྣུམ་པུའི་མའོ་མིང་རྡོ་སྣུམ་བཟོ་ལས་ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་།ཅིང་ལི་གཞོན་པ་གནང་།
       1984—1985ལོ།ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་ཀུང་སིའི་མའོ་མིང་རྡོ་སྣུམ་བཟོ་ལས་ཀུང་སིའི་ཅིང་ལི་གནང་།
       1985—1988ལོ།ཀོང་ཏུང་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
       1988—1992ལོ།ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ(དེའི་རིང་1990ལོའི་ཟླ་4པ་ནས་ཟླ་7པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)གནང་།
       1992—1993ལོ།ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་གནང་།
       1993—1994ལོ།ཀོང་ཏུང་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་གནང་།
       1994—1997ལོ།ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་།ཧྲེང་ཀྲང་གཞོན་པ།ཀྲུའུ་ཅང་ཟུར་གསུམ་གླིང་དཔལ་འབྱོར་ཁུལ་གྱི་འཆར་འགོད་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་གནང་།
       1997—1998ལོ།ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་།ཧྲེང་ཀྲང་གཞོན་པ།ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།
       1998—2000ལོ།ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2000—2001ལོ།ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཁྱེར་མི་དམངས་འཐུས་ཚོགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།
       2001—2002ལོ།ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ཧྲེང་ཀྲང་ལས་ཚབ།ཧྲེང་ཀྲང་བཅས་གནང་།
       2002—2003ལོ།ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་གནང་།
       2003—2007ལོ།ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
       2007—2007ལོ།ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2007 —2012ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2012—2013ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།(2012ལོའི་ཟླ་11བར)
       2013ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་གནང་།
       སྐབས་བཅོ་ལྔ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅུ་དྲུག་པ་དང་བཅུ་བདུན་པ།བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་བཅས་གནང་།
  
ལིའུ་ཡན་ཏུང་།
       བུད་མེད།རྒྱ་རིགས།1945ལོའི་ཟླ་11པར་འཁྲུངས།ཅང་སུའུ་ནན་ཐུང་ནས་ཡིན།1970ལོའི་ཟླ་3པར་ལས་ཀར་ཞུགས།1964ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཅི་ལིན་སློབ་ཆེན་སྲིད་འཛིན་སློབ་གླིང་ཆབ་སྲིད་རིག་པའི་རིགས་པའི་གཞུང་ལུགས་ཆེད་ལས་ཐོན།ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།ཁྲིམས་རིག་པའི་འབུམ་རམས་པ་ཡིན།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་ཡིན་པ།
       1964—1970ལོ།ཆིང་ཧྭ་སློབ་ཆེན་བཟོ་བཀོད་རྫས་འགྱུར་ཚན་པར་སློབ་སྦྱོང་གནང་བ་དང་དེའི་རིང་ལོ་རིམ་གྱི་ཆབ་སྲིད་ཟུར་འཁྲིད་གནང་།
       1970—1972ལོ།ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཁའེ་ཕིང་རྫས་འགྱུར་བཟོ་གྲྭའི་བཟོ་པ་དང་།ལག་རྩལ་པ།བདར་མང་སེལ་འཁོར་ཁང་གི་འགན་འཁུར་བ་བཅས་གནང་།
       1972—1978ལོ།པེ་ཅིང་རྫས་འགྱུར་བཟོ་ལས་ཚོད་ལྟ་བཟོ་གྲྭའི་བཟོ་པ་དང་།ཏང་ཨུད་དྲིལ་བསྒྲགས་ཁོའོ་ཡི་ཀན་ཧྲེ།གཞི་རྩའི་འཛུགས་སྐྲུན་བཀོད་འདོམས་པུའི་ཏང་སྤྱི་ཁྱབ་ཀྲི་པུའི་ཨུ་ཡོན།འདྲེས་སྦྱོར་ཀུའེ་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི།བཟོ་གྲྭའི་ཏང་ཨུད་ཀྱི་རྒྱུན་ཨུ།ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ།ཀྲུའུ་རེན་བཅས་གནང་།
       1978—1980ལོ།པེ་ཅིང་རྫས་འགྱུར་བཟོ་ལས་ཚོད་ལྟ་བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1980—1981ལོ།པེ་ཅིང་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་གནང་།
       1981—1982ལོ།པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1982—1991ལོ།གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་།རྒྱུན་ལས་ཧྲུའུ་ཅི།རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞི་བཅས་གནང་།
       1991—1995ལོ།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དྲུང་ཆེ་གཞོན་པ་དང་།རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ(1990ལོ་ནས་1994ལོ་བར་ཀྲུང་གོ་མི་དམངས་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་སྤྱི་ཚོགས་རིག་པའི་རིགས་པའི་གཞུང་ལུགས་དང་བརྟག་ཐབས་ཆེད་ལས་སུ་ལས་ཐོག་སློབ་སྦྱོང་གནང་ནས་རབ་འབྱམས་པའི་སློབ་གནས་ཐོབ)བཅས་གནང་།
       1995—1998ལོ།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི་གནང་།
       1998—2001ལོ་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ(པུའུ་ཀྲང་རྒན་པའི་རིམ་པ)དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི(1994ལོ་ནས་1998ལོ་བར་ཅི་ལིན་སློབ་ཆེན་སྲིད་འཛིན་སློབ་གླིང་ཆབ་སྲིད་རིག་པའི་རིགས་པའི་གཞུང་ལུགས་ཆེད་ལས་སུ་ལས་ཐོག་སློབ་སྦྱོང་གནང་ནས་འབུམ་རམས་པའི་སློབ་གནས་ཐོབ)གནང་།
       2001—2002ལོ་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ(པུའུ་ཀྲང་རྒན་པའི་རིམ་པ)དང་།ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི།སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་།
       2002—2003ལོ།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་།ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི།སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་།
       2003—2005ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཁོངས་མི་དང་།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་།
       2005—2007ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཁོངས་མི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གནང་།
       2007—2008ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
       2008—2009ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི།པེ་ཅིང་ཨའོ་ལེམ་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་གནང་།
       2009—2013ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི།པེ་ཅིང་ཨའོ་ལེམ་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ།རྒྱལ་ཁབ་ཚན་རྩལ་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ།
       2013—ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་།ཏང་ཙུའི་ཁོངས་མི།རྒྱལ་ཁབ་ཚན་རྩལ་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ།ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅུ་དྲུག་པ་དང་།སྐབས་བཅུ་བདུན་པ།སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་གི་ཨུ་ཡོན།སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ་དང་།སྐབས་བརྒྱད་པ།སྐབས་དགུ་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ་བཅས་གནང་།
  
དབང་དབྱང་།
       ཕོ།རྒྱ་རིགས།1955ལོའི་ཟླ་གསུམ་པར་འཁྲུངས།ཨན་ཧུའེ་སུའུ་ཀྲོའུ་ནས་ཡིན་པ།1972ལོའི་ཟླ་དྲུག་པར་ལས་ཀར་ཞུགས།1975ལོའི་ཟླ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེ་མོ་བའི་སློབ་རྒྱུས་དང་བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན།
       ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་བཞིན་ཡོད།
       1972—1976ལོ།ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ་བཟའ་བཅའ་བཟོ་གྲྭའི་བཟོ་པ་དང་འཁོར་ཁང་གི་འགན་འཁུར་བ་གནང་།
       1976—1979ལོ།ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ“ལྔ་བདུན”ལས་བྱེད་སློབ་གྲྭའི་དགེ་རྒན་དང་།སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ།སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་བཅས་གནང་།
       1979—1980ལོ།ཀྲུང་དབྱང་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལས་བྱེད་འཛིན་གྲྭར་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་ལས་སློབ་སྦྱོང་གནང་།
       1980—1981ལོ།ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གནང་།
       1981—1982ལོ།གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1982—1983ལོ།གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའི་པུའུ་ཀྲང་གནང་།
       1983—1984ལོ།གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་གནང་།
       1984—1987ལོ།ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       1987—1988ལོ།ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
       1988—1992ལོ།ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་།ལས་ཚབ་ཧྲི་ཀྲང་།ཧྲི་ཀྲང་བཅས་གནང(དེའི་རིང་1989—1992ལོ།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་ཁྲིད་སློབ་གླིང་གི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་ཏང་སྲིད་དོ་དམ་ཆེད་ལས་སུ་ལས་ཐོག་སློབ་སྦྱོང་གནང)
       1992—1993ལོ།ཨན་ཧུའེ་ཞིང་ཆེན་འཆར་ཨུད་ཀྱི་ཀྲུའུ་རེན་དང་།ཏང་ཙུའི་ཧྲུའུ་ཅི།ཧྲེང་ཀྲང་ལས་རོགས་བཅས་གནང་།
       1993—1993ལོ།ཨན་ཧུའེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་གནང་།
       1993—1998ལོ།ཨན་ཧུའེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་གནང(དེའི་རིང་1993—1995ལོ།ཀྲུང་གོ་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་ཚན་ཁག་གི་དོ་དམ་ཚན་རིག་ཆེད་ལས་ཞིབ་འཇུག་སློབ་མའི་འཛིན་གྲྭར་ལས་ཐོག་སློབ་སྦྱོང་གནང་བ་དང་བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ།(1997.03—1997.05ལོ།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
       1998—1999ལོ།ཨན་ཧུའེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གཞོན་པ་གནང་།
       1999—2003ལོ།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང(དེའི་རིང་2001.09—2001.11ལོ།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
       2003—2005ལོ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་རྒྱུན་ལས་ལས་ཀའི་འགན་བཞེས་པ་དང་པུའུ་ཀྲང་རྒན་པའི་རིམ་པ་ཡིན་པ)ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།
       2005—2006 ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
       2006—2007ལོ།ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       2007—2007ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
       2007—2012ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང(2012.12བར)
       2012—2013ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
       2013— ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
       ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བཅས་གནང་།

མ་ཁའེ།
       ཕོ།རྒྱ་རིགས།1946ལོའི་ཟླ་དྲུག་པར་འཁྲུངས།ཧྲང་ཧའེ་གྲོང་ཁྱེར་ནས་ཡིན་པ།1965ལོའི་ཟླ་དགུ་པར་ལས་ཀར་ཞུགས།1965ལོའི་ཟླ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཀྲུང་གོ་མི་དམངས་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཚན་ཁག་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་ཐོན།ཞིབ་འཇུག་སློབ་མའི་སློབ་རྒྱུས་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན་པ།
       ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།
       1965—1970ལོ།པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་པའི་དགེ་རྒན་གནང་།
       1970—1973ལོ།པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས“ལྔ་བདུན”ལས་བྱེད་སློབ་གྲྭར་ངལ་རྩོལ་སྦྱོང་བརྡར་གནང་།
       1973—1979ལོ།པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གནང(དེའི་རིང་1978—1979ལོ།པེ་ཅིང་གྲོང་ཨུད་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་འཛིན་གྲྭར་སློབ་སྦྱོང་གནང)
       1979—1982ལོ།ཀྲུང་གོ་མི་དམངས་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཚན་ཁག་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།
       1982—1983ལོ།རྒྱལ་ཁབ་ཟོག་གོང་ཅུས་ཟོག་གོང་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་གནང་།
       1983—1984ལོ།པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཆུས་ནོར་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་དང་ཆུས་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(1984ལོའི་ཟླ་གསུམ་པར་གོ་གནས་འཁུར)གནང་།
       1984—1985ལོ།པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་ཆུས་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་གནང་།
       1985—1986ལོ།པེ་ཅིང་གྲོང་ཁྱེར་སྒྲིག་གཞི་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
       1986—1988ལོ།པེ་ཅིང་གྲོང་ཁྱེར་ཟོག་གོང་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
       1988—1993ལོ།རྒྱལ་ཁབ་ཟོག་གོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གནང(དེའི་རིང་1992ལོའི་ཟླ་དགུ་པ་ནས་1992ལོའི་ཟླ་བཅུ་གཅིག་པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
       1993—1995ལོ།རྒྱལ་ཁབ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གནང་།
       1995—1998ལོ།རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གནང(དེའི་རིང་1997ལོའི་ཟླ་བ་གསུམ་པ་ནས་1997ལོའི་ཟླ་བ་ལྔ་པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
       1998—2000ལོ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི་གནང་།
       2000—2003ལོ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གི་རྒྱུན་ལས་ལས་དོན་གྱི་འགན་འཁུར་བ་དང་པུའུ་ཀྲང་རིམ་པ་རྒན་པ་ཡིན་པ)དང་ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       2003—2008ལོ།རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན(2003ལོའི་ཟླ་བ་ལྔ་པར་བསྐོས)རྒྱལ་ཁབ་ནུས་རྒྱུ་འགོ་ཁྲིད་ཚོཌ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན(2005ལོའི་ཟླ་བཞི་པར་གོ་གནས་འཁུར)བཅས་གནང་།
       2008—2012ལོ།རྒྱལ་དོན་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས།ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་གནང་།
       2012—2013ལོ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་དོན་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས།ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་གནང་།
       2013—ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་གནང་།
       ཀྲུང་གུང་སྐབས་བཅུ་དྲུག་པ་དང་།སྐབས་བཅུ་བདུན་པ།སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་གནང་།