རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2012-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ན་ནིང་ནས་བཟུང་། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་ན་ནིང་གི་“8·28” “8·31”ས་འགུལ་དུ་གནོད་སྐྱོན་བྱུང་བའི་མགྲོན་ཁང་དང་འབའ་ལྷག་གྲོང་སྡེ་སོགས་ལ་ཉམས་གསོ་བྱས་ནས། མིའི་སེམས་ཁམས་དང་འཕྲོད་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་འཛུགས་པར་འབད་བརྩོན་བྱེད་པ་རེད།
སེམས་ཀྱི་ཉི་ཟླ་རྫོང་གྲོག་རོང་ཆེན་མོ་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་ནི་1990ལོར་བཙུགས་པ་དང་། ལོ་བཅུ་རིང་ལ་གོང་སྤེལ་བྱས་ནས་ཡུལ་སྐོར་གྱི་ཞབས་འདེགས་ལྟེ་གནས་དང་། ལྗོངས་ཁུལ་གྱི་གཞུང་ལམ་སོགས་བཙུགས་ཡོད་པ་རེད། འོད་ཀྱང་ཡུལ་སྐོར་ཐོན་རྫས་ཉུང་བ་དང་། བོད་ཀྱི་རིག་གནས་གང་ཐུབ་ཀྱིས་འགྲེམ་སྟོན་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ཡོད་ལ། ད་ལོར་འབའ་ལྷག་དཀར་རྫོང་བོད་ཀྱི་མགྲོན་ཁང་ཆེན་མོ་བཙུགས་ནས་ལྗོངས་ཁུལ་གྱི་སྣང་བརྙན་མཐོ་རུ་གཏོང་བ་དང་བོད་ཀྱི་རིག་གནས་འགྲེམ་སྟོན་བྱེད་ཐུབ་པ། བོད་ཀྱི་སྲོལ་རྒྱུན་འཚོ་བར་ཉམས་ཞིབ་བྱེད་པར་དོན་སྙིང་ཆེན་པོ་ཡོད་པ་རེད།
ཤེས་གསལ་བྱུང་དོན། འབའ་ལྷག་དཀར་རྫོང་བོད་ཀྱི་མགྲོན་ཁང་ཆེན་མོའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ45432ཟིན་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི24700གཏོང་བའི་འཆར་གཞི་བཀོད་དེ། ཟླ1པོ་ནས་ཟླ7པའི་བར་དུ་མ་དངུལ་སྒོར་ཁྲི་4210བཏང་ཡོད། མགྲོན་ཁང་གིས་འབའ་ལྷག་དཀར་རྫོང་གྲོག་རོང་ཆེན་མོའི་བོད་ཀྱི་ཁྱད་ཆོས་དང་བསྟུན་ནས། སྒྲིག་བཟོའི་ཁྲོད་དུ་བོད་ཀྱི་རྒྱུ་ཆ་སྤྱོད་ཡོད། མགྲོན་ཁང་ལ་ཁང་མིག་ཁྱོན་བསྡོམས་300ཡོད། ངལ་གསོ་རྒྱག་པ་དང་རོལ་རྩེད་བྱེད་པ། ཚོང་དོན་བཅས་གཅིག་བསྡུས་བྱས་ནས་མགྲོན་པོ་ལ་ཡུལ་སྐོར་གཏོང་ཡུལ་ལེགས་པོ་ཞིག་མཁོ་སྤྲོད་བྱེད་རྒྱུ་རེད། མིག་སྔར། མགྲོན་ཁང་གྱང་ཕྱིའི་འཛུགས་སྐྲུན་གཞི་རྩར་ལེགས་འགྲུབ་བྱུང་ཞིང་། གྱང་ནང་གི་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
འབའ་ལྷག་དཀར་རྫོང་ལྗོངས་ཁུལ་ནང་གི་འབའ་ལྷག་གྲོང་སྡེ་སོགས་གནའ་གྲོང་ལ་ཉམས་གསོ་དང་བསྒྱུར་བཅོས་རྣམ་གྲངས་བྱས་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་པར་དོན་སྙིང་ཆེན་མོ་ཡོད་པ་རེད། རྣམ་གྲངས་དེ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་33400ཟིན་ཏེ། མ་དངུལ་སྒོར་ཁྲི9220གཏོང་བའི་འཆར་གཞི་བཀོད་དེ། ཟླ1པོ་ནས་ཟླ7པའི་བར་དུ་མ་དངུལ་སྒོར་ཁྲི965བཏང་ཡོད།
ན་ནིང་གི་“8·28” “8·31”ས་འགུལ་བྱུང་བའི་རྐྱེན་གྱིས་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་གཞུང་ལམ་ལ་གནོད་སྐྱོན་ཐེབས་ཤིང་། རྒྱལ་ལམ་214ནས་ལྗོངས་ཁུལ་གྱི་གཞུང་ལམ་དེ་གནད་ཆེའི་རྣམ་གྲངས་སུ་འཇོག་སྟེ། ད་ལྟར་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པ། ད་ལོའི་ཟླ6པའི་ཚེས་1ཉིན་གྱི་ཚུན་དུ་གཞུང་ལམ་དེ་ལ་ཉམས་གསོ་བྱེད་འགོ་ཚུགས་ཏེ། སྔོན་རྩིས་བྱས་ན་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་ཐུབ་རྒྱུ་རེད།