ལོ་སར་གཏོང་བའི་དར་སྲོལ་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-10   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ལོ་སར་ནི་ནང་མི་ལྷན་འཛོམས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བ་བསུ་བའི་དུས་ཆེན་ཞིག་ཡིན།   དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ལོ་སར་གཏོང་སྲོལ་ལ་ཡང་འགྱུར་ལྡོག་ཆེན་མོ་བྱུང་ཡོད།  བདེ་ཆེན་བོད་ཁུལ་ལ་མཚོན་ནའང་ཤོག་ཕེ་དང་རྒྱན་བཞག་པ་སོགས་རོལ་རྩེད་ནས་རིམ་བཞིན་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བའི་དར་སྲོལ་གསར་པ་ཞིག་ཆགས་འདུག    གཤམ་དུ་ཁོ་ཚོས་ད་ལོའི་ལོ་སར་ཇི་ལྟར་གཏོང་བཞིན་པ་བལྟ་རུ་འགྲོ

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་གི་མི་དམངས་རྣམས་ཀྱིས་ལུས་ལ་གཟབ་ཆས་སྤྲས་ཏེ་ཚང་མས་ལྷན་དུ་འཛོམས་ནས་སྐོར་བྲོ་འཁྲབ་པ་དང་ལག་རྩེད་སྤོ་ལོ་རྒྱག་པ་སོགས་ཀྱི་ཚུལ་ནས་དུས་ཆེན་གཏོང་འདུག

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གིས་མཉམ་སྤྲོའི་ཚོགས་འདུ་འཚོགས་ནས་དུས་ཆེན་རོལ་འདུག

    ལོ་སར་གྱི་སྐབས་སུ།  སེམས་ཀྱི་ཉི་ཟླའི་གྲོང་མི་ཁག་ཅིག་གིས་གློག་བརྙན་ཁང་དུ་གློག་བརྙན་བལྟས་ནས་ལོ་སར་ལ་རོལ།