ཧྭ་ཀྲི་ཆང་ལས་ཡུན་ནན་བོད་རིགས་ས་ཁུལ་གྱི་ཁྲོམ་འགྲེམས་ཁེ་ལས་ཐོག་མར་གྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས29ཉིན།ཧྭ་ཀྲི་ཆང་ལས་དེ་ཧྲིན་ཀྲིན་དངུལ་འཛིན་ཉོ་ཚོང་ཁང་དུ་ཁྲོམ་འགྲེམས་བྱས་ནས།དངོས་སུ་ལས་སྒོ་གཏོད་གཞི་བྱས་པ་དང་།ཀྲུང་གོའི་ཆང་རིགས་འཁོར་རྒྱུགས་ཁྱབ་ཁོངས་ཁྲོད་ཀྱི་ཁྲོམ་འགྲེམས་ཁེ་ལས་ཐོག་མར་གྱུར་བ་མ་ཟད།བདེ་ཆེན་ཁུལ་ཁོངས་ཀྱི་ཁྲོམ་འགྲེམས་ཁེ་ལས་ཐོག་མ་ཡང་ཡིན་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།ཧྭ་ཀྲི་ཆང་ལས་མུ་འབྲེལ་དོ་དམ་མ་རྐང་ཚད་ཡོད་ཀུང་སི་ནི་རང་ཁུལ་གྱིས་ནང་འདྲེན་བྱས་པའི་མ་རྐང་ལམ་ལུགས་ཚོང་དོན་ཁེ་ལས་ཞིག་ཡིན་པ་དང་།2005ལོའི་ཟླ5པའི་ཚེས26ཉིན་བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ནས་ཐོ་འགོད་བྱས་ནས་བཙུགས་པ་རེད། རྒྱལ་ནང་གི་སྔོན་ཐོན་གྱི་ཆང་ལས་སྤུས་དག་ཚོང་གཉེར་དང་ཞབས་ཞུའི་ལས་རིགས་ཁྲོད་ཀྱི་གཅིག་ཡིན་ལ།བསྟུད་མར་ལོ6ལ་ ཀྲུང་གོའི་སྤུས་རྟགས་རིན་ཐང་ཆེ་བའི་ཁེ་ལས་500རུ་ཚུད་པ་རེད།

        ཧྭ་ཀྲི་ཆང་ལས་མུ་འབྲེལ་དོ་དམ་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་སེམས་ཀྱི་ཉི་ཟླ་གསར་སྤེལ་ཆུས་སུ་གཞི་ཚུགས་པ་དང་།ཡུན་ནན་བོད་ཁུལ་གྱི་གཙོ་ཆེའི་ དམངས་གཉེར་ཁེ་ལས་ཡིན་པ་མ་ཟད་རང་ཁུལ་གྱི་འགྲན་རྩོད་ནུས་ཤུགས་ཆེ་བའི་ཁེ་ལས་ཀྱི་གྲས་གཅིག་ཀྱང་ཡིན་པ་རེད།ཧྭ་ཀྲི་ཆང་ལས་འདི་ཉིད་ཡུན་ནན་བོད་ཁུལ་གྱི་ཁྲོམ་འགྲེམས་ཁེ་ལས་ཐོག་མ་དང་།རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆུས་གསུམ་ཁུལ་གསུམ་འཐབ་ཇུས་ཚུན་གྱི་ཁྲོམ་འགྲེམས་ཁེ་ལས་ཐོག་མ་ཡིན་པའི་ཆ་ནས།རྒྱལ་ཁབ་ཀྱི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཡུན་ནན་ཞིང་ཨུ།ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཆེན་མོ་ཐོབ་པས།ཡུན་ནན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་མངོན་གསལ་དོད་པོ་འབུལ་ཡོད་པ་རེད།