ལོ་40ཡི་རིང་དུ་འཇོལ་ལ་འཕེལ་རྒྱས་འདི་འདྲ་བྱུང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-30   རྩོམ་ཁུངས།   

    སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40རིང་།འཇོལ་རྫོང་ཡུལ་སྐོར་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་ལ་སྔར་ལས་ལྷག་པའི་མཐོར་འདེགས་དང་འགྱུར་ལྡོག་བྱུང་ཡོད།ཡུལ་སྐོར་འཕེལ་རྒྱས་རིམ་འགྱུར་གྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ།1978ལོའི་སྔོན་དུ།འཇོལ་རྫོང་ལ་ཡུལ་སྐོར་གྱི་གོ་དོན་ཧ་ལམ་མེད་པ་དང་།1978ལོ་ནས་1988ལོའི་བར་གྱི་ལོ་10རིང་།འཇོལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་བཅུའི་ཟང་ཟིང་ཁྲོད་ནས་ཕྱིར་ཡོང་ནས།1988ལོ་ནས་1998ལོའི་བར་གྱི་ལོ་10རིང་།ཡུལ་སྐོར་རིག་གནས་གང་ལེགས་ཀྱིས་སྔོག་འདོན་དང་བེད་སྤྱོད་གཏོང་མེད་དེ།ཚད་ངེས་ཅན་ཞིག་ནས་ལྷ་སྒྲུང་ལྟ་བུའི་དུས་རིམ་ནང་དུ་གནས་ཡོད་པ་རེད།1998ལོ་ནས་2018ལོའི་བར་གྱི་ལོ་20རིང་།འཇོལ་གྱི་ཡུལ་སྐོར་དེ་རིགས་སྒྱུར་དང་རིམ་སྤར་གྱི་དུས་རིམ་ཞིག་ཏུ་གནས་ཡོད།ལོ་གང་མང་གི་འབད་བརྩོན་འོག  ཡུལ་སྐོར་གཞི་རྩའི་སྒྲིག་གཞི་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད།

    ལོ་ལྔ་ཚན་བཅུ་གཅིག་པའི་ཚུན་དུ། འཇོལ་གྱི་ཡུལ་སྐོར་རིག་གནས་དང་ལུས་རྩལ་སྒྱུར་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་དེ། དེ་སྔོན་གྱི་ཁ་བ་དཀར་པོའི་སྐོར་ལམ་དྲིལ་བསྒྲགས་ནས་ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་དང་། སྲིད་གཞུང་རང་བཞིན་གྱི་ཕྱོགས་གཅིག་ཁོ་ནས་མ་འཇོག་ནས་མང་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། དེ་ནས་ཀུང་སི་ནང་འདྲེན་དང་4Aརིམ་པའི་ལྗོངས་ཁུལ་གྱི་གསར་སྤེལ་དང་འཛུགས་སྐྲུན་སོགས་ཀྱི་གོ་རིམ་བརྒྱུད་ནས། རིག་གནས་དེ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྲོད་དུ་རྣམ་ཤེས་ལྟ་བུར་འགྱུར་ཡོད། འཇོལ་གྱིས་སྐོར་བྲོ་དང་རས་པ་སོགས་དང་གཞན་མི་རིགས་ལུས་རྩལ་རིག་གནས་མདའ་རྩེད་སོགས་ལ་སྔོག་འདོན་དང་གསར་སྤེལ་བྱས་ནས། རིམ་བཞིན་ཡུལ་སྐོར་འཕེལ་རྒྱས་ཀྱི་གར་སྟེགས་སུ་བསྐྱོད་པ་མ་ཟད། ཀོང་རྩེད་རའི་སྐོར་བྲོ་སོགས་ཐེངས་མང་པོར་ཕྱི་རྒྱལ་དུ་འཁྲབ་སྟོན་བྱས་ནས་ཚད་མཐོའི་གདེང་འཇོག་ཐོབ་པ་དང་། འཇོལ་གྱི་ཡུལ་སྐོར་ཐོན་ལས་ཀྱིས་རིག་གནས་འདི་ཉིད་འཛམ་གླིང་ལ་སྐུལ་འདེད་བཏང་བ་རེད།

སྐབས་དང་པོའི་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་རིག་གནས་དུས་ཆེན།

སྨན་རི་བུམ་པའི་རྒྱལ་ཁབ་བཞིའི་ལས་རིགས་ལན་ཆིའུ་སྤོ་ལོའི་རྩོད་པའི་འགྲན་བསྡུར།

ཀོང་རྩེད་རའི་སྐོར་བྲོའི་རིག་གནས་དུས་ཆེན་སྐབས་དང་པོ།

ལོ་ལྔ་ཚན་བཅུ་གཅིག་ཚུན་དུ། འཇོལ་གྱི་ཐོན་ལས་གསུམ་པ་དེ་2006ལོའི་སྒོར་ཁྲི18282ནས་2017ལོར་སྒོར་ཁྲི165018དུ་འཕར་བས་ཕ་ལམ་ལྡབ9འཕར་བ་རེད། ཡུལ་སྐོར་མི་གྲངས་དེ་མི་ཐེངས་ཁྲི་50ནས་མི་ཐེངས་ཁྲི259དེ་ལྡབ5འཕར་ཡོད་པ་རེད། ཧྲང་ཧའེ་དང་ལྷ་ས། ཆབ་མདོ། ཁུན་མིང་། ས་དམ་སོགས་སུ། འཇོལ་གྱི་མང་ཚོགས་ཀྱིས་བོད་མིའི་སྤྲོ་སྐྱིད་ཁང་དང་ཟ་ཁང་སོགས་ཞབས་ཞུའི་བྱ་ཡུལ་དུ་འཁྲབ་སྟོན་ཞབས་ཞུ་བྱེད་མཁན་བསྡོམས་རྩིས་ལྟར་ན་མི་6000ཡོད་པ་དང་། རྫོང་ཡོངས་ཞིང་ལས་མི་གྲངས་53549ཡི་11%ཟིན་པས། མང་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཡོང་འབབ་ཡག་པོ་རེག་ཐུབ་པ་རེད།

ཁ་བ་དཀར་པོའི་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པ།

འཇོལ་རྫོང་ལ་གསར་རྩོམ་དང་ཞིབ་འཇུག་རྟེན་གཞི་ཡི་མིང་བསྩལ་བ།

2018ལོར། འཇོལ་གྱིས་བདེ་ཐང་ཆེན་མོ་དང་སྐྱེ་ཁམས་ཆེན་མོའི་འདུ་ཤེས་བརྒྱུད་འདྲེན་བྱས་ནས། རྒྱལ་ཁབ15ཡི་ལུས་རྩལ་པ་530གདན་ཞུ་བྱས་ཏེ་ཕྱི་རོལ་གྱི་སྨན་རིའི་100རིམ་པའི་མུ་མཐའ་སྲོན་ནུས་བྱེས་བགྲོད་འགྲན་བསྡུར་སྐབས་བཞི་བ་སྤེལ་ནས་ཁང་ཕྱིའི་ལུས་རྩལ་དང་རང་བྱུང་མཛེས་ལྗོངས་གང་ལེགས་ཀྱིས་གཞི་གཅིག་ཏུ་འདྲེས་པར་བྱས། དུས་མཚུངས་སུ། སྨན་རིའི་འདབས་སུ་རྒྱལ་ཁབ་བཞི་ཡི་ལན་ཆིའུ་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་སྤེལ་བ་རེད། བྱ་འགུལ་འདི་དག་སྤེལ་བ་བརྒྱུད་སྨན་རིའི་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་སྤུས་རྟགས་སྐྲུན་པར་ཕན་པ་མ་ཟད། དམངས་ཡོངས་ལུས་སྤྱོང་ཁྱབ་བརྡལ་དང་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གང་ལེགས་བཏང་ཡོད་པ་རེད།