རང་ཁུལ་གྱིས་དཔྱིད་གསར་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-30   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས24ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་མང་ཧྲང་པིའོ་ཡིས་ཁུལ་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་འཁྲིད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་དང་གསར་སྤེལ་ཆུས་སུ་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་ཅན་དང་ཞིང་ལས་པ་ལ་འཚམས་འདྲི་བྱས་ནས། ཁོང་ཚོར་ཏང་ཨུ་དང་སྲིད་གཞུང་གི་བརྩེ་སེམས་བསྐྱལ་ཏེ་ལོ་གསར་ལ་བཀྲ་ཤིས་སྨོན་འདུན་བྱས་པ་རེད།

གཞན་རྒྱུས་ལོན་བྱུང་བ་ལྟར་ན།ཟླ1པོའི་ཚེས24ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་མང་ཧྲང་པིའོ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཞའོ་ཞུས་གཉིས་ཀྱིས་ཁུལ་རིམ་པའི་འགོ་ཁྲིད་ཚན་པ་བཞི་ཡི་ཚབ་བྱས་ནས། དམག་དཔུང་དྲག་ཆས་ཉེན་རྟོག་བདེ་ཆེན་ཡན་ལག་རུ་ཁག་དང་བདེ་ཆེན་ཡན་ལག་དམག་ཁུལ་སོགས་སུ་རྒྱ་ཆེ་བའི་དཔོན་དམག་ལ་འཚམས་འདྲི་བྱས་ནས་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་བསྐྱལ་བ་རེད།

གཞན་ཡང་ཁུལ་ཨུའི་རྒྱུན་ཨུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱི་མངགས་བཅོལ་ལྟར། ཟླ1པོའི་ཚེས26ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཕུའུ་ལུའུ་ཧྭ་དང་། དྲུང་ཡིག་ཆེན་མོ་ཕུའུ་ཅང་གཉིས་ཀྱིས་རུ་ཁག་སྣེ་ཁྲིད་ནས་ཁུལ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་བསྐྱལ་བ་རེད།

གཞན་ཡང་ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཡིང་པིན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་དོ་དམ་ཅུས་དང་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིར་འཚམས་འདྲིར་ཕེབས་ནས།ལས་བཟོ་བ་དང་གླེང་མོལ་བྱས་པ་དང་། ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་བསྐྱལ་བ་རེད།