《གླིང་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་གྱི་རྣམ་གྲངས་80%ལེགས་གྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-29   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་་།

འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་གྱི་རྣམ་གྲངས་ལ་ཉེ་ཆར་འཕེལ་རིམ་གལ་ཆེན་བྱུང་ཞིང་། སྒྲུང་ཚན་30ནས་སྒྲུང་ཚན་25ཕབ་སྒྱུར་ཟིན་ཏེ་རྣམ་གྲངས་ཡོངས་ཀྱི་80%ལེགས་གྲུབ་བྱུང་ཡོད་པ་རེད།

གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། 《གཉན་ཆུ་མོ་རོང་འབྲུ་རྫོང》དང་། 《དམྱལ་གླིང་རྫོགས་པ་ཆེན་པོ》《ཆུ་མོ་ལི་ཁྲི་ནོར་རྫོང》《ཆགས་གླིང》བཅས་དང《ལྷོ་ཐན་སྲི་རྒྱལ་པོའི་བ་གཡང(སྨད་ཆ)》དངོས་སུ་དཔེ་སྐྲུན་བྱས་ཡོད་པས་ད་བར《གླིང་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་རྣམ་གྲངས་ཀྱི་སྒྲུང་དེབ་15དཔེ་སྐྲུན་བྱས་ཟིན་པ་དང་། དེ་བྱིངས་ཀྱི་སྒྲུང་དེབ་10ད་ལྟ་རིགས་གཅིག་མཁས་ཅན་གྱིས་ཞུས་ཆེན་བྱས་ཟིན་ནས་དཔེ་སྐྲུན་ཁང་ལ་རྩིས་སྤྲད་ཡོད་པ་རེད། 

《གླིང་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་གྱི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། 2014ལོར་འགོ་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་766བཏང་ཡོད། རྣམ་གྲངས་དེར《〈གླིང་སྒྲུང〉སྒྲུང་མཁན་བསམ་གྲུབ་ཀྱི་འཆད་གྱེར་སྤེལ་མའི་སྒྲུང་དེབ》སྒྲུང་ཚན་45(སྒྲུང་དེབ་48)དཔེ་གཞིར་བྱས་ཏེ་རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་50ཙམ་སྒྲིག་འཛུགས་བྱས་ནས་དེའི་ནང་ཞུགས་ཡོད། 2017ལོར《ལྷ་གླིང》དང་། 《འདན་མའི་ནས་རྫོང》 《མོན་གླིང་གཡུལ་འགྱེད》སོགས་ཚུད་པའི་ཁག་དང་པོའི་སྒྲུང་དེབ་ལྔ་དཔེ་སྐྲུན་བྱས་ཡོད་པ་རེད། 

དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》ནི་གྲུབ་ཚུལ་ཉམས་ཀྱིས་ཕྱུག་ལ་ནང་དོན་ཕུན་སུམ་ཚོགས་པ་དང་དཔེ་དེབ་ཕོན་ཆེ་བའི་ལོ་རྒྱུས་སྙན་ངག་གི་རྩོམ་རིང་པོ་ཞིག་ཡིན་པས“བོད་རིགས་རྩོམ་རིག་གི་གཙུག་ནོར”ཞེས་སུ་གྲགས། ཞིབ་འཇུག་མི་སྣས་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 《གླིང་སྒྲུང》ཧྲིལ་པོར་སྒྲུང་ཚན་226དང་ཚིག་བཅད་ཁྲི་100ལྷག་ཙམ་ཡོད་ཅིང་། 2009ལོར《གླིང་སྒྲུང》དེ་ཉིད་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད།