ཁུལ་སྒྲིག་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།   

            


            སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྒྲིག་བཤེར་ཨུ་ལྷན་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་ཁུལ་ཨུའི་སྙན་ཞུ་ཁང་ནས་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་གནང་བ། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ནས། སྔར་བས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཟམ་མི་ཆད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པ་བླངས་ཏེ།  ཕུལ་བྱུང་གི་གྲུབ་འབྲས་ཀྱིས་རླབས་ཆེན་མེས་རྒྱལ་ལོ་70འཁོར་བའི་འཁྲུངས་སྐར་བསུ་བར་ལེགས་སྐྱེས་ཕུལ་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྲོས་ཚོགས་སུ་ཞུགས་པ།

    ཁུལ་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཀུའོ་ཁྲེང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྐབས་བཅུ་པའི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚོགས་འདུར་ཁྲིད་སྟོན་བྱས་པ།

    ཀུའུ་ཁུན་གྱིས་འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་།     རུལ་སུངས་ལ་རྒོལ་བའི་བྱ་བའི་ཁྲོད་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།

    ཀུའུ་ཁུན་གྱིས་འདུ་ཤེས་བཞི་ལ་ཤུགས་བསྣན་ནས། ཁུལ་ཡོངས་ཀྱིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་ནས་སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་རྒྱུ་དམིགས་ནས་ལྟ་སྐུལ་དང་སྒྲིག་བསྟར་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བསྟན་པ་རེད།

    ཀུའུ་ཁུན་གྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་འདུ་ཤེས་བཞི་ལ་ཤུགས་བསྣན་པ་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཀའོ་ཀུའོ་ཁྲེང་གིས་ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཚབ་བྱས་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་གཙང་སྒྲུབ། འགན་འཁྲི་འཁུར་བཟོད་བྱས་ནས་བདེ་ཆེན་ཁྲིམས་བཤེར་ཞིབ་དཔྱོད་ལས་ཀ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱེད་པ་ཞེས་པའི་ལས་ཀའི་སྙན་ཞུ་འབུལ་བ་རེད།