གླུ་བ་ཀུན་དགས་བླངས་པའི་གནའ་བོའི་གླུ་གཞས་ཞེས་པར་གསན་རོགས་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-17   རྩོམ་ཁུངས།    སི་ཁྲོན་བརྙན་འཕྲིན་ཁང་།







 ཀུན་དགའ་ཕུན་ཚོགས་ནི་སྤྱི་ལོ1981ལོའི་ཟླ9བའི་ཚེས3ཉིན། གླིང་གེ་སར་རྒྱལ་བོའི་ཕ་ས་སྡེ་དགེ་རྫོང་དུ་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་པ་ཞིག་ཡིན་ལ། ཁོས་དེང་རབས་བོད་ལྗོངས་ཀྱི་གཞོན་ནུ་ཚོའི་ཁྱད་ཆོས་ངོམས་པའི་གླུ་གཞས་མང་བོ་བརྩམས་མྱོང་།  དེ་བས་གཞོན་སྐྱེས་མང་བོ་ཞིག་ཁོའི་གླུ་གཞས་ལ་ཧ་ཅང་དགའ་བོ་འདུག    ཁོང་གི་གླུ་གཞས་ཆེད་སྒྲིག་ལ་《རེ་སྒུག》《དགེ་སློབ་ཆེད་སྒྲིག》《རྒྱུད་དྲུག་པི་ཝང》《ཕྱེ་མ་ལེབ་ཀྱི་གཤོག་པ》《རྨི་ལམ་ནང་གི་ཕ་ཡུལ》《སེམས་ནང་གི་གླུ》སོགས་ཡོད།   རྐྱང་གཞས།  《ཨ་ཞང་ལོ་ལོ》《འཇའ་ཚོན་འོག་གི་སྨོན་འདུན》《བུ་མོ་ཚེ་རིང་མཚོ་མོ》སོགས་ཡོད།  ད་ལོའི་སི་ཁྲོན་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་གླུ་འགྲན་ཚོགས་ཐོག་ཁོང་གིས་བླངས་པའི་གླུ་གཞས་གཉིས་ལ་ཀུན་གྱིས་དོ་སྣང་དང་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་ཅིང་།  གནའ་བོའི་བྲོ་བ་མ་ཉམས་པའི་དབྱངས་རྟ་རེ་རེས་ཀུན་གྱི་ཡིད་སེམས་དབང་མེད་དུ་བཀུག་ཡོད།   ཐེངས་འདིར་གནའ་བོའི་གླུ་གཞས་ཞེས་པ་སྐུ་ཉིད་ཀྱི་ཡིད་སེམས་གསོ་བའི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་ཡོད་པས།  ཁྱེད་ཀྱིས་ཉམས་སུ་མྱོང་བར་དགའ་བསུ་ཞུ། 

གླུ་བ་ཀུན་དགས་བླངས་པའི་གནའ་བོའི་གླུ་གཞས་ཞེས་པར་གསན་རོགས་གནང་།

https://v.qq.com/x/page/t08127gja45.html