བདེ་ཆེན་གྱི་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་འགྲེམ་སྤེལ་བྱེད་སྒོ་ཁུན་མིང་ཁྲང་ཧྲུའེ་གནམ་གྲུ་ཐང་དུ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-15   རྩོམ་ཁུངས།   

     



     ཟླ་1པོའི་ཚེས་11ཉིན། བདེ་ཆེན་གྱི་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་འགྲེམ་སྤེལ་བྱེད་སྒོ་ཁུན་མིང་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྤེལ།  བདེ་ཆེན་གྱི་ཡུལ་སྐོར་རིག་གནས་དང་རང་བྱུང་ཡུལ་ལྗོངས།མི་རིགས་ལུགས་སྲོལ་སོགས་མཚོན་ཡོད་པའི་པར་དང་རི་མོ་96དང་། བདེ་ཆེན་གྱི་མི་རིགས་གླུ་གར་དང་དངོས་མིན་རིག་གནས་ཤུལ་བཞག  ཁྱད་ལྡན་གྱི་ཡུལ་སྐོར་ཚོང་ཟོག་བཅས་ཁྲང་ཧྲུའེ་གནམ་གྲུ་ཐང་གི་རིག་གནས་བར་ཁྱམས་སུ་འགྲེམ་སྤེལ་བྱས་པ་རེད། སྔར་ལས་ལྷག་པར་བདེ་ཆེན་སེམས་ཀྱི་ཉི་ཟླའི་མཁའ་འགྲུལ་ཡུལ་སྐོར་དར་འཕེལ་གྱི་གྲུབ་འབྲས་བརྟན་པོར་གཏོང་བ་དང་།རྒྱ་ཁྱབ་ཏུ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་སྤུས་རྟགས་འོས་སྦྱོར་བྱས་ནས།  བདེ་ཆེན་སེམས་ཀྱི་ཉི་ཟླའི་ངོ་མཚར་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས། ཡུན་རིང་གི་ལོ་རྒྱུས་རིག་གནས་སོགས་འཛམ་གླིང་དུ་བསྐྱོད་དུ་བཅུག་པ་དང་།  ཡུལ་སྐོར་བ་མང་པོས་སེམས་ཀྱི་ཉི་ཟླ་ལ་རྒྱུས་ལོན་བྱས་ནས་སེམས་ཀྱི་ཉི་ཟླར་ཡོང་བ་དང་།སེམས་ཀྱི་ཉི་ཟླར་དགའ་མོལ་ཆགས་སུ་བཅུག་སྟེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤུས་རྟགས་སྙན་གྲགས་ཆེར་གཏོང་བ་རེད།

     2018ལོར། བདེ་ཆེན་ཁུལ་གྱིས་པེ་ཅིང་དང་ཁྲེང་ཏུའུ། ཁྲུང་ཆིང་།ཧྲེན་ཀྲེན་སོགས་གྲོང་ཁྱེར་ཆེན་པོ་ཁག་ཏུ་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།དུས་མཉམ་དུ་ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཁའ་ལམ་ཤར་གཏོང་བྱེད། དེས་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རྒྱུན་ཆད་མེད་པར་དར་འཕེལ་བྱུང་བ་ལ་སྐུལ་འདེད་གཏོང་བ་རེད།

     ཤེས་རྟོགས་བྱུང་དོན།ཁུན་མིང་ཁྲང་ཧྲུའེ་གནམ་གྲུ་ཐང་གི་ཁྲང་ཧྲུའེ་རིག་གནས་བར་ཁྱམས་སྤྱོད་འགོ་ཚུགས་པ་ནས་བཟུང་།  གྲོང་ཁྱེར་གཅིག་དང་རྫོང་གཅིག་སྤུས་རྟགས་གཅིག་ཞེས་པ་བརྗོད་བྱའི་གཙོ་བོ་བྱས་ནས།  སྔ་རྗེས་སུ་ཁྲུའུ་ཞུང་དང་ཏེ་ཧུང་། ཝན་ཧྲན།ཏཱ་ལི་སོགས་ཁུལ་དང་གྲོང་ཁྱེར་མང་པོ་ལ་ཆེད་དོན་གྱི་འགྲེམ་སྤེལ་བྱེད་སྒོ་སྤེལ་བ་རེད།