《སྤྲིན་པའི་སྟེང་རིམ་གྱི་འབག་ལྷག་》ཅེས་པའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་ནས་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-15   རྩོམ་ཁུངས།   

     ཟླ་1པའི་ཚེས་11ཉིན། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དྲན་གསོའི་ཆེད། ཡུན་ནན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཡིའུ་ཞང་ནེང་གིས་གསར་རྩོམ་བྱས་ཤིང་། ཡུན་ནན་སློབ་གསོ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་གནང་བའི་དངོས་བྲིས་སྙན་ཞུའི་རྩོམ་རིག་《སྤྲིན་པའི་སྟེང་རིམ་གྱི་འབག་ལྷག་》ཅེས་པའི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་ནས་བསྡུས་པ་རེད།

  《སྤྲིན་པའི་སྟེང་རིམ་གྱི་འབག་ལྷག་》ཅེས་པའི་དངོས་བྲིས་སྙན་ཞུའི་རྩོམ་རིག་འདིས་གཙོ་བོ་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་ཆེས་མཐོ་ས་ན་ཆགས་ཡོད་པའི་བོད་ཀྱི་གྲོང་ཚོ་འབའ་ལྷག་གྲོང་ཚོ་ཟེར་བ་དེ་བརྗོད་བྱ་གཙོ་བོ་བྱས་ཡོད་ལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་མཚོ་རླབས་ཆེན་པོའི་མདུན་དུ་སྐྱོད་ཅིང་། ལོ་ངོ་40རིང་ལ་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོ་སྐྱེད་ལ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྡེ་མི་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུང་བའི་ངོ་མཚར་གཏམ་རྒྱུད་ཞིབ་འབྲི་བྱས་ཡོད།


     བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40རིང་ལ་དོ་སྣང་ཆེ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་གྲུབ་འབྲས་འདི་ལ་དྲན་གསོ་བྱེད་ཆེད། རྩོམ་པ་པོས་གསར་འགོད་པ་ཞིག་གི་མིག་དབང་གིས་དོན་ཆུང་གིས་དོན་ཆེད་གསལ་བའི་དཔེ་ལྟར། ལོ་ངོ་སྟོང་ལ་རྡུལ་གྱིས་མནན་པའི་འབའ་ལྷག་གྲོང་ཚོའི་མང་ཚོགས་བརྫོད་བྱ་གཙོ་བྱས་ཤིང་། རྩོམ་པ་པོས་གྲོག་རོང་གི་ཕུགས་དང་གངས་རིའི་འདབས་རོལ་ན་འཚོ་བའི་འབའ་ལྷག་གྲོང་མིར་བཅར་འདྲི་དང་བརྟག་དཔྱད་བྱས་ཏེ། གུང་ཁྲན་ཏང་ཡོན་བསོད་ནམས་དོན་གྲུབ་ཀྱི་སྣེ་ཁྲིད་འོག་དཀའ་སྡུག་མྱོང་དགོས་རུང་འཚོ་བ་སྡུག་པོར་མི་རོལ་ཞེས་པའི་ཡུའི་ཀུང་གི་སྙིང་སྟོབས་དར་སྤེལ་བྱས་ཤིང་། བློ་བརྟན་འགྱུར་མེད་དང་སེམས་ཤུགས་གཅིག་སྒྲིལ་གྱིས་གཡེང་གཟར་གྱི་བྲག་ངོས་ལ་ཕྱི་ཕྱོགས་སུ་བགྲོད་པའི་གཞུང་ལམ་བརྐོས་པ་མ་ཟད། མེས་པོ་དག་གིས་བདག་སྐྱོང་བཟང་བོ་གནང་ཡོད་པའི་རི་ཆུ་ནགས་གསུམ་དང་གདོད་མའི་བོད་ཀྱི་སྐྱེ་ཁམས་རིག་གནས་གཉིས་གསར་རི་དངུལ་རིར་བཏང་ནས། ལུང་ཕུགས་ཀྱི་འབའ་ལྷག་གྲོང་མི་ཕྱི་ལ་བགྲོད་ཐུབ་པ་དང་འཛམ་གླིང་ལ་ཕྱོགས་ཐུབ་པའི་འབད་འཐབ་ཀྱི་ལོ་རྒྱུས་བྲིས་ཡོད།

     ཐོག་མའི་འགྲེམ་སྤེལ་མཛད་མཛོད་སྒོའི་སྟེང་《སྤྲིན་པའི་སྟེང་རིམ་གྱི་འབག་ལྷག་》ཅེས་པའི་རྩོམ་པ་པོ་སྟེ། ཡུན་ནན་ཉིན་རེའི་ཚགས་པར་ཁང་གསར་འགོད་པ་ཡུའི་ཞང་ནིང་དང་འབའ་ལྷག་དཀར་རྫོང་གསར་སྤེལ་ཀུང་སིའི་སྤྱིའི་འགན་འཛིན་པ་བསོད་ནམས་དོན་གྲུབ། རྒྱལ་ཁབ་ཀྱི་རྩོམ་པ་པོ་གྲགས་ཅན། འཁྲབ་གཞུང་རྩོམ་པོ་ཝང་དབྱང་། ཡུན་ནན་སློབ་གསོ་དཔེ་སྐྲུན་ཁང་གི་སྤྱི་གཉེར་བ་ཝང་ཁྲའོ་ཁྲའོ་སོགས་ཀྱིས་མཉམ་གཅིག་ཏུ་《སྤྲིན་པའི་སྟེང་རིམ་གྱི་འབག་ལྷག་》ཅེས་པའི་དཔེ་ཆའི་རྟེན་འབྲེལ་ཡོལ་རས་ཕྱེས་པ་རེད།

     ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྙན་འཕྲིན་དྲ་བ་དང་ཞིན་ཧྭ་དྲ་བ། ཀྲུང་གོ་གསར་འགྱུར་ཁང་སོགས་སྨྱན་སྦྱོར་ལས་ཁུངས་15ཐེངས་འདིའི་མཛད་སྒོར་ཞུགས་ཡོད།