ཀུའུ་ཁུན་གྱིས་གཡག་ར་ཤང་དུ་བརྟག་ཞིབ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-07   རྩོམ་ཁུངས།   

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2018ལོའི་ཟླ་12པའི་ཚེས་28ཉིན་ནས་ཚེས་29ཉིན་གྱི་བར་དུ།  ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་རུ་ཁག་སྣེ་ཁྲིད་བྱས་ནས་འཇོལ་རྫོང་གཡག་ར་ཤང་དུ་བརྟག་ཞིབ་ཕེབས་པ་དང་། ཁོང་དང་བཅས་པས་སྔ་རྗེས་སུ་ཀོང་རྩེ་ར་གྲོང་རྡལ་ནས་གཡག་ར་ཤང་བར་གྱི་འགྲིམ་འགྲུལ་དང་གློག་ཤུགས་ཀྱི་བསྐྱར་གསོ་གནས་ཚུལ་ལ་ལྟ་བ་དང་།  གནོད་སྐྱོན་བྱུང་བའི་མང་ཚོགས་ཁག་གཅིག་དང་གཡག་ར་ཤང་གི་ལས་བྱེད་པ་རྣམས་ལ་འཚམས་འདྲི་བྱས་པ་རེད།  ཁོང་གིས་མུ་མཐུད་ནས་གཡག་རའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་སྟེ། སླར་གསོ་བསྐྱར་སྐྲུན་ལས་ཀ་ཡག་པོ་སྒྲུབ་ནས་དུས་ལྟར་དབུལ་སྒྲོལ་ཐུབ་པར་ཁག་ཐེག་བྱེད་དགོས་པ་དང་ས་གནས་དེ་གའི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།