རང་ཁུལ་གྱིས་དཔྱིད་གསར་ཆ་ཡིག་བྲིས་པ་དང་ལོ་ཐོ་སྟེར་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-07   རྩོམ་ཁུངས།   


        2019ལོའི་ཟླ་1པོའི་ཚེས་1ཉིན།  ཁུལ་རིག་གནས་ཁང་གི་ཁུལ་ཕྱི་ནང་གི་ཡིག་གཟུགས་མཁན་པོ་རྩ་འཛུགས་བྱས་ནས་ཉི་མ་སེར་པོའི་ཐང་ཆེན་ནས་གྲོང་མི་རྣམས་ལ་རིན་མི་དགོས་པར་དཔྱིད་གསར་ཆ་ཡིག་བྲིས་པ་དང་ལོ་ཐོ་སྟེར་བའི་བྱེད་སྒོ་སྤེལ་ཡོད་ལ།  གྲོང་མི་རྣམས་ཀྱིས་གཟབ་གཟབ་ངང་ཆ་ཡིག་ལེན་ནས་ལོ་གསར་པའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོང་བ་སྨོན།