བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་འཐུས་མིའི་གྲོས་གཞི73འབྱོར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-03   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོ་ཆུང་ནས་ཤེས་རྟོགས་བྱུང་བ་ལྟར་ན།    2018ལོའི་ཟླ་12པའི་ཚེས་27ཉིན་གྱི་བར་དུ། དམངས་ཆེན་འཐུས་མིས་ཁྱོན་བསྡོམས་གྲོས་གཞི་དང་། སྐྱོན་བརྗོད།    བསམ་འཆར་73བཅས་བཏོན་ཡོད་པ་རེད།   

ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོ་ཆུང་གིས་དམངས་ཆེན་འཐུས་མིས་བཏོན་པའི་གྲོས་གཞི་ལ་ལེགས་སྒྲིག་བྱས་ཤིང་རིགས་དབྱེ་དང་ཐོག་མའི་ཐག་གཅོད་བྱས་ཡོད་པ་རེད།    དམངས་ཆེན་འཐུས་མིས་ཁྱོན་བསྡོམས་གྲོས་གཞི73བཏོན་ཡོད་པ་དང་།   འཐུས་ཚབ་ཚོགས་པ་ལྟར་ཁག་བགར་ན།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་ཕུལ་བའི་གྲོས་གཞི་ཁག་36ཡོད་པ་རེད།    འབའ་ལུང་རྫོང་འཐུས་མི་ཚོགས་པས་ཕུལ་བའི་གྲོས་གཞི27ཡོད།    འཇོལ་རྫོང་འཐུས་མི་ཚོགས་པས་ཕུལ་བའི་གྲོས་གཞི10བཅས་ཡོད།  འདི་ན་ནིང་གི་མི་དམངས་འཐུས་མི་ཚོགས་པའི་གནས་ཚུལ་དང་བསྡུར་ན།   གྲོས་གཞི་ཡར་ཞུ་དང་། སྐྱོན་བརྗོད། བསམ་འཆར་འདོན་པའི་གྲངས་འབོར་སོགས་ཕལ་ཆེར་གཅིག་མཚུངས་ཀྱི་རྣམ་པ་བྱུང་ཡོད།   

དམངས་ཆེན་འཐུས་མིས་ཕྱོགས་སོ་སོའི་ལས་དོན་ལ་གྲོས་གཞི་དང་།   སྐྱོན་བརྗོད་། བསམ་འཆར་བཏོན་ཡོད་པ་ནི། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ཁེ་དབང་གལ་ཆེན་པོ་ཞིག་ཡིན་ལ།   འཐུས་མིའི་ལས་འགན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཟབ་ཞུགས་བྱེད་པ།   དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ་བྱེད་པ།   སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།    གྲོས་གཞི་དང་།   སྐྱོན་བརྗོད་། བསམ་འཆར་འདི་དག་གིས་ཁུལ་ཡོངས་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས།    མི་དམངས་ཀྱི་བསམ་འདུན་ཡར་ཞུ་བྱས་ཡོད་ཅིང་།   འདང་ངེས་ཀྱི་སྒོ་ནས་དམངས་ཆེན་འཐུས་མི་ཡིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།  དེ་བཞིན་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སོ་སོ་ལ་ཚད་མཐོའི་དོ་ཁུར་གནང་བཞིན་པ་མཚོན་ཡོད་པ་རེད།