རྔ་པ་བོད་རིགས་ས་ཁུལ་གྱིས་ཐང་གར་བརྟེན་ནས་འབབ་འཕར་ལ་འདེགས་སྐྱོར་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཉེ་བའི་ལོ་ཤས་རིང་། རྔ་པ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་གཞོལ་ཏེ་ཐང་ག་བཞེངས་པ་དང་། ལྕགས་རིགས་ཐོན་རྫས། ཤིང་བརྐོས། འཚེམ་འདྲུབ་སོགས་རིགས་ཁག་གི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གླིང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད། མིག་སྔར། ཚད་ལྡན་ངང་ཐོ་བཀོད་བྱས་པའི་སློབ་གླིང་8ཡོད་པ་དེ་དག་གིས་གཙོ་བོ་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ས་ཁུལ་གྱི་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་ལ་ཕྱོགས་ནས་སློབ་མ་བསྡུ་བ་དང་སློབ་ཡོན་ཚང་མ་རྩ་ཆག་བཏང་བ་དང་འབྲེལ་སློབ་མར་ཟ་སྡོད་མཁོ་འདོན་བྱེད་ཀྱི་ཡོད་ཅིང་།