དམངས་ཆེན་འཐུས་མིའི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་12པའི་ཚེས་25ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཁུལ་ཨུའི་སྙན་ཞུ་ཐིང་དུ་འགོ་ཚུགས་པ་དང་། འཐུས་མི་རྣམས་ཀྱིས་ཚོ་ཆུང་བགར་ནས་མི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འདུན་ལྟར་ཐབས་འདོན་ཇུས་འབུལ་བྱས་པ་རེད། ཁོ་ཚོས་འདོན་པའི་བསམ་འཆར་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས་སོགས་སུ་ཁྱབ་ཡོད། གཤམ་དུ་ང་ཚོས་འཐུས་མི་རྣམས་ཀྱིས་བསམ་འཆར་གང་དག་བཏོན་ཡོད་པར་ལྟ་རུ་འགྲོ།

        འཐུས་མི་ཡུས་ཧྲེང་ཞང་གིས་རྨང་གཞིའི་འཛུགས་སྐྲུན་ཐད་རྣམ་གྲངས་གནས་སུ་འབྱོར་བ་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  ཐོན་ལས་དར་འཕེལ་ཐད་སྤུས་ཚད་ལེགས་སྒྲིག་ཐོག་འབད་དགོས།  སྐྱེ་ཁམས་སྲུང་སྐྱོང་ཐད་བྱེད་ཐབས་སྲ་བརྟན་ལ་འབད་དགོས། སྤྱི་ཚོགས་བཅོས་སྐྱོང་ཐད་གཙོ་གནད་ཁྱབ་ཁོངས་ལ་བྱེད་ཐབས་ནུས་ལྡན་སྤྱོད་དགོས། སྤྱོད་ཚུལ་ལེགས་བཅོས་ཐད་ཆུང་ངུ་དང་ཞིབ་ཚགས་ཐོག་ནན་ཏན་དངོས་ནས་བྱེད་དགོས་ཞེས་བཤད།

        འཐུས་མི་དབྱང་ཅན་ཧྭ་ཡིས་འབྲི་ཆུའི་བཀག་ཆུ་ཆུ་ལོག་གིས་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་ཀ་ལ་མཐོང་ཆེན་བྱེད་དགོས་པ་དང་།  དར་འཕེལ་ཐོག་རྣམ་གྲངས་ཆེན་མོ་དང་བྱེད་ཐབས་སྲ་བརྟན་སྤྱོད་ནས་རང་ཁུལ་གྱི་དཔལ་འབྱོར་གོང་དུ་གཏོང་དགོས།  དབུལ་སྐྱོར་ཁྲོད་མི་ཤུགས་དང་དངོས་ཤུགས།  རྒྱུ་སྟོབས་གཅིག་སྡུད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་གྲོས་གཞིའི་སྒྲུབ་གཉེར་ལ་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་དུས་མཉམ་དུ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལྟ་རྟོག་བྱེད་དགོས། ཚོགས་ཆེན་གཉིས་ཀྱི་དགོངས་པ་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་ལས་ཀའི་སྙན་སེང་གི་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་བཤད།

        འཐུས་མི་སུན་ཧུང་ཅུན་གྱིས་མུ་མཐུད་ནས་སེམས་ཀྱི་ཉི་ཟླའི་རྒུན་ཆང་གི་དར་འཕེལ་ལ་མཐོང་ཆེན་བྱེད་དགོས་པ་དང་། ཡུལ་སྐོར་དང་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། ཐུན་མོང་གིས་དྲིལ་བསྒྲགས་བྱེད་ཤུགས་ཆེར་གཏོང་དགོས་ཞེས་བཤད།

        འཐུས་མི་ཁ་གསར·བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་འཐབ་ཕྱོགས་གཅིག་འགྱུར་དང་ཆོས་ལུགས་སྡེ་ཚན་གྱིས་ཆོས་ལུགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ལ་འབད་དགོས་པ་དང་། དགོན་པ་དང་ཤང་གྲོང་། གྲོང་སྡེ་ཀུན་ལ་དྲིལ་བསྒྲགས་ཁྱབ་ཏུ་འཇུག་དགོས། ཆོས་དད་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་པར་ཁྲིད་སྟོན་བྱེད་དགོས་ཞེས་བཤད།

        འཐུས་མི་ཧོ་ཧྲེང་གིས་ཏང་ཨུ་དང་སྲིད་གཞུང་གིས་སྔ་བཞིན་གྲོང་གསེབ་ཀྱི་ཐོན་ལས་དར་འཕེལ་དང་གནོད་སྐྱོན་བྱུང་བའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རོགས་ཞེས་བཤད།