བདེ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྦྱོང་བརྡར་ཚོགས་འདུ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-13   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས་5ཉིན།  བདེ་ཆེན་གྱིས་ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྦྱོང་བརྡར་ཚོགས་འདུ་བསྡུས་པ་དང་།   གཙོ་བོར་ཏང་ཨུ་དང་སྲིད་གཞུང་གི་ལོ་འཁོར་གྱི་དབུལ་སྐྱོར་གྲུབ་འབྲས་དང་།  དབུལ་ཕོངས་རྫོང་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཐད་ནས་སྦྱོང་བརྡར་བྱས་པ་རེད།

    སྦྱོང་བརྡར་བརྒྱུད་ནས།  སྔར་ལས་ལྷག་པར་ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་མངའ་ཁུངས་ཀྱི་རྒྱ་ཆེ་བའི་ལས་བྱེད་མི་སྣ་དག་གིས་ཤིན་ཏུ་དབུལ་ཕོངས་ས་ཆས་དུས་ལྟར་དབུལ་སྒྲོལ་འགག་སྒྲོལ་གྲུབ་པའི་དཀའ་ངལ་རང་བཞིན་དང་གལ་ཆེན་རང་བཞིན།  ཁ་ཚ་རང་བཞིན་གྱི་ངོས་འཛིན་མཐོ་རུ་གཏོང་བ་དང་།                སྔར་ལས་ལྷག་པར་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་བྱེད་ཐབས་གསལ་པོར་གཏོང་བ།  སྔར་ལས་ལྷག་པར་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་བྱེད་ཐབས་སློབ་སྦྱོང་དང་ཞིབ་འཇུག་བྱས་པ།  ཁྱོན་ཡོངས་ནས་ཚང་མའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་སྒོའི་བྱང་ཚད་དང་ནུས་པ་གོང་དུ་གཏོང་བ་རེད།

    སྦྱོང་བརྡར་ཚོགས་འདུའི་ཐོག  ཁུལ་ཡོངས་གོང་འོག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་དགོས་པ་དང་།                                        ཁྱོན་ཡོངས་དོན་དུ་གཉེར་དགོས་པ།  ཞན་ཆ་གསབ་དགོས་པ།  དེ་མིན་སྤྱོད་ཚུལ་བསྒྱུར་དགོས་པ་དང་།  དོན་འཁྱོལ་དམ་འཛིན་སོགས་བྱེད་དགོས།  གཏན་ནས་མུན་འཐོམས་ཀྱིས་སྤྲོ་སྣང་སྐྱེ་བ་དང་སྟབས་ལེགས་ཡོང་བའི་བསམ་ཚུལ་སོགས་ཁྱད་བསད་བྱས་ནས།  ད་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་དམིགས་འབེན་བདེ་བླག་ངང་སྒྲུབ་དགོས་ཞེས་པའི་བླང་བྱ་བཏོན།  

    སྦྱོང་བརྡར་ནི་བརྙན་མཐོང་ཚོགས་འདུའི་ཚུལ་གྱིས་བསྡུས་པ་དང་།  ཚོགས་ར་གཙོ་བོ་ཁུལ་ཨུའི་སྙན་ཞུ་ཁང་དུ་བཙུགས་པ་དང་།  རྫོང་དང་གྲོང་ཁྱེར་སོ་སོ།  གསར་སྤེལ་ཆུས།  ཤང་དང་གྲོང་རྡལ་སོ་སོར་ཡན་ལག་ཚོགས་ར་བཙུགས་པ་རེད།