བདེ་ཆེན་གྱི་རིག་རྩལ་འཁྲབ་སྟོན་ལ་གསེར་གྱི་རྟགས་མ་3ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-12   རྩོམ་ཁུངས།   

     

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱིར་གསལ།ཟླ12པའི་ཚེས9ཉིན། ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་རིག་རྩལ་འཁྲབ་སྟོན་གྱི་རྣམ་གྲངས་ཡོངས་བདེ་བླག་ངང་མཇུག་སྒྲིལ་བ་དང་།བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གིས་གསེར་གྱི་རྟགས་མ་3དང་དངུལ་གྱི་རྟགས་མ་1གི་སྐར་འབྲས་ལེགས་པོ་བླངས་པ་རེད།

        ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཁྱོན་བསྡོམས་རྩལ་འགྲན་དང་། ཐབས་རྩལ། ཕྱོགས་བསྡུས། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་བཅས་འཁྲབ་སྟོན་རྣམ་གྲངས་རིགས་4ཁྱོན་བསྡོམས་གསེར་གྱི་རྟགས་མ་18བཀོད་སྒྲིག་བྱས་ཡོད་པ་རེད། 

       བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གིས་རྩལ་འགྲན་དང་། ཕྱོགས་བསྡུས། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་བཅས་རིགས་3གྱི་རྣམ་གྲངས་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད་དེ། འདིའི་ཁྲོད་དུ་རླུང་རྟ་ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་གྱི་གསེར་གྱི་རྟགས་མ་བླངས་པ་དང་།སེམས་ཀྱི་ཉི་ཟླའི་སྐོར་བྲོ་ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་ཕྱོགས་བསྡུས་རིགས་ཀྱི་གསེར་གྱི་རྟགས་མ་བླངས་པ།  དགའ་སྤྲོ་འཁོལ་བའི་ངང་ནས་སྡུད་པ་ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་རྩལ་འགྲན་རིགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་རེད།