ཡང་ཐང་གྲོང་རྡལ་གྱི་ཤིང་བརྐོས་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-11   རྩོམ་ཁུངས།   

   



    ཉེ་བའི་ལོ་འགའི་རིང་། གྲོང་སྡེའི་དམངས་སྲོལ་རིག་གནས་དང་ལག་རྩལ་སོགས་རིམ་བཞིན་བསྐྱར་དར་བྱུང་བ་དང་བསྟུན་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ནས་མུ་མཐུད་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད། ཡང་ཐང་གྲོང་རྡལ་གྱི་གྲོང་སྡེ་སོ་སོར་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཁེ་ལས་དང་། མཉམ་ལས་ཁང་མང་པོ་བཙུགས་ནས། མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལས་སྟེགས་སྐྲུན་པ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ལ་སྣེ་ཁྲིད་བྱས་པ་མ་ཟད། དུས་མཚུངས་སུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་རེད།

    བློ་བཟང་ནི་དགེ་ལེགས་རིག་གནས་ཐོན་ལས་ཀུང་སིའི་འགན་ཁུར་མི་སྣ་ཡིན་པ་མ་ཟད། གནས་གསར་ཤིང་བརྐོས་རྒྱུན་འཛིན་པ་མི་རབས་ལྔ་བ་ཡང་ཡིན་པ་རེད།   བློ་བཟང་གི་ཨ་མྱེས་དང་ཨ་ཕ་ནི་ཤིང་བཟོ་ཡིན་པ་དང་། བློ་བཟང་ལོ་ན་16ནས་བཟུང་ཤིང་བརྐོས་ལག་རྩལ་སྦྱང་བ་རེད། ལོ་ངོ་བཅུ་ལྷག་རིང་གི་ལོ་ཟླ་བརྒྱུད་རྗེས།  ཁོང་གི་ལག་རྩལ་ནི་ཇེ་བཟང་ནས་ཇེ་བཟང་ཡིན་ལ། བོད་ཁང་བརྒྱ་ལྷག་སྐྲུན་ཟིན་པ་རེད། འོན་ཀྱང་ཁོང་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཤིང་བརྐོས་ལག་རྩལ་རྩ་ཆེན་འདི་རིམ་བཞིན་མེད་པར་འགྱུར་བཞིན་ཡོད་པ་ཚོར་བྱུང་། ཁོང་གིས་སྲོལ་རྒྱུན་གྱི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་གྲོང་མིའི་ཁེ་ཕོགས་རེག་པར་བརྩོན་ལེན་བྱེད་ཆེད་དགེ་ལེགས་རིག་གནས་ཐོན་ལས་ཀུང་སི་བཙུགས་པ་རེད།

    གནས་གསར་བོད་རིགས་ཤིང་བརྐོས་ལ་སེམས་ཀྱི་ཉི་ཟླའི་བོད་རིགས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་བརྐོ་ལུགས་ཀྱི་ཁྱད་ཆོས་ལྡན་ལ།ས་གནས་དེ་གའི་བོད་རིགས་ཀྱི་སྒྱུ་རྩལ་བཟོ་རྩལ་གྱི་ཆུ་ཚད།སྐབས་དེའི་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་གནས་ཚུལ་སོགས་མཚོན་པར་བྱས་ཡོད།

    ད་ལྟ་བློ་བཟང་གི་ཀུང་སི་རུ་བཟོ་རྩལ་པ་15ཡོད་པ་དང་།མི་རེར་ཟླ་རེར་ཟླ་ཕོགས་སྒོར་5000ཡོད་པ་རེད།ཁོང་གི་ཀུང་སིར་བརྒྱུད་ནས།བཟོ་རྩལ་པ་རྣམས་ཀྱིས་བོད་ཁང་འཛུགས་སྐྲུན་དང་ཤིང་བརྐོས་སོགས་ཀྱི་ལས་ཀ་ལས་ནས་ཁེ་ཕོགས་ལེན་ཐུབ་པས། ཐོན་ལས་འཕེལ་རྒྱས་ཀྱིས་ས་གནས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་རེད།