བོད་ཀྱི་ཤུག་སྡོང་རྒྱལ་པོ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-05   རྩོམ་ཁུངས།   

 

        “བོད་ལྗོངས་ཉིང་ཁྲིའི་བྲག་ཡིབ་ཆུས་ཀྱི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ”ནང་གི་ཤུག་སྡོང་ཆེ་ཤོས་ཏེ“འཛམ་གླིང་ཤུག་སྡོང་རྒྱལ་པོར”ལོ་ངོ་3200ལྷག་གི་ལོ་རྒྱུས་ལྡན་པས། 2018ལོའི་ཟླ་11པར“ཀྲུང་གོའི་ཤིང་ལོ་མཐོ་ཤོས་ཀྱི་ཤུག་སྡོང”ལ་གཏན་འཁེལ་བ་མ་ཟད། ཧྲང་ཧའེ་འཛམ་གླིང་ཆེ་མོའི་ཅི་ཉི་སི་སྤྱི་ཁྱབ་པུའི“འཛམ་གླིང་ཆེ་མོའི་ཅི་ཉི་སིའི་ཤུག་སྡོང་ཆེ་ཤོས”ཀྱི་དཔང་ཡིག་ཀྱང་རག་འདུག

        གཟི་བརྗིད་མཚན་སྙན་དེ་ནི་ཉིང་ཁྲི་བྲག་ཡིབ་ཆུས་ཀྱིས“ཧྲང་ཧའེ་འཛམ་གླིང་ཆེ་མོའི་ཅི་ཉི་སི་ཟིན་ཐོའི་སྤྱི་ཁྱབ་པུའུ”ལ་དངོས་སུ་འདུན་ཞུ་བསྐྱལ་བ་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱིས་ཚོད་རྩིས་དང་ཧྲང་ཧའེ་འཛམ་གླིང་ཆེ་མོའི་ཅི་ཉི་སི་སྤྱི་ཁྱབ་པུས་ཞིབ་བཤེར་གཏན་འབེབས་བྱས་མཐར་འདུན་ཞུར་ཆོག་མཆན་ཐོབ་པ་མ་ཟད། “འཛམ་གླིང་ཆེ་མོའི་ཅི་ཉི་སིའི་ཤུག་སྡོང་ཆེ་ཤོས”ཀྱི་དཔང་ཡིག་ཀྱང་རག་ཡོད། 

        “འཛམ་གླིང་ཤུག་སྡོང་རྒྱལ་པོ”ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ཤིང་རིགས་ཏེ། ཡར་ཀླུང་གཙང་པོའི་ཤུག་སྡོང་གི་གྲས་ཡིན་པ་དང་བོད་ལ་མ་གཏོགས་མེད་པའི་་ཤིང་སྡོང་ཞིག་རེད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རྩི་ཤིང་ཡིན་ཞིང་། གཙོ་བོ་ཡར་ཀླུང་གཙང་པོའི་སྣང་རྫོང་ནས་སྨན་གླིང་བར་གྱི་གཙང་འགྲམ་ཁུལ་དུ་སྐྱེས་པའི་གྲངས་འབོར་ཉུང་ཞིང་ཁྱབ་རྒྱ་ཆུང་བའི་ཤིང་རིགས་ཤིག་རེད། ཤུག་སྡོང་དེའི་ཞེང་ཚད་ལ་སྨི་14.8དང་མཐོ་ཚད་ལ་སྨི་57ཡོད།