ཉི་ནུས་གློག་འདོན་ས་ཚིགས་ཀྱིས་འབག་མེད་ནུས་ཁུངས་འདོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-02   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


        ཉིས་སྟོང་བཅུ་དྲུག་ལོར།  བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚན་རྩལ་རྩེ་གྲལ་གྱི་གསར་གཏོད་གྲུབ་འབྲས་དེ་རྔ་བ་ཁུལ་རྔ་བ་རྫོང་དུ་གནས་བཅས་པ་རེད། མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་བའི་གནམ་མཚོ་མའི་ལས་རིམ་དང་པོའི་MW30འོད་གློག་ལས་གཞི་འཛུགས་སྐྲུན་བྱས་ཏེ་དྲྭ་འབྲེལ་གློག་འདོན་བྱས། དེས་གློག་ནུས་ནི་གནས་དེ་ནས་རྒྱུན་ཆད་མེད་པའི་ངང་སི་ཁྲོན་གྱི་ས་གནས་ཁག་ཏུ་སྐྱེལ་ཐུབ་པ་བྱས་ཡོད། དེ་རིང་། ང་ཚོ་གསར་འགྱུར་ཚོ་ཆུང་འདི་དང་འགྲོགས་ནས་མཉམ་དུ་མཐོ་སྒང་གི་འོད་གློག་ས་ཚིགས་འདི་ལ་ཅིག་བལྟ་ས་འགྲོ། 

        དེ་སྔོན། རྔ་བ་རྫོང་གི་གློག་ཤུགས་ཀྱི་ཡོང་ཁུངས་གཙོ་བོ་ནི་ཧྥུ་བརྒྱ་དང་བཅུ་ཅན་གྱི་ལྡོག་སྒྱུར་གློག་ཚིགས་གཅིག་མ་གཏོགས་མེད་ལ། གལ་སྲིད་གནད་དོན་ཞིག་བྱུང་ན་རྫོང་ཡོངས་ལ་གློག་ཆད་པའི་ཉེན་ཁ་ཡོད། ཉིས་སྟོང་བཅུ་དྲུག་ལོར། གནམ་མཚོ་མའི་འོད་གློག་ས་ཚིགས་ཀྱི་ལས་རིམ་དང་པོའི་MW30འོད་གློག་ལས་གཞི་འཛུགས་སྐྲུན་བྱས་ཏེ་དྲྭ་འབྲེལ་གློག་འདོན་བྱས་རྗེས། ལོ་གཅིག་གི་གློག་འདོན་ཚད་དེ་ཏུའུ་བྱེ་བ་གསུམ་དང་ས་ཡ་ལྔ་ཡན་མན་འདོན་ཐུབ་རྒྱུ་རེད། ཉིས་སྟོང་བཅུ་བདུན་ལོར། གནམ་མཚོ་མའི་འོད་གློག་ས་ཚིགས་ཀྱིས་རྔ་བ་རྫོང་ལ་སྒོར་ས་ཡ་གཉིས་ལྷག་གི་ཁྲལ་དངུལ་ཡོང་འབབ་བསྐྲུན་རྒྱུ་རེད།

        གནམ་མཚོ་མ་འོད་གློག་ས་ཚིགས་འཛུགས་སྐྲུན་དང་བེད་སྤྱོད་བྱས་ནས་རྔ་བ་ཁུལ་གྱི་ལེགས་ཆ་སྟེ། ཉི་ནུས་ཐོན་ཁུངས་གློག་ནུས་ལ་བསྒྱུར་བ་མ་ཟད་གློག་འབྲེལ་དྲྭ་འབྲེལ་བྱས་ནས་སྐྱེལ་ཡོད་པས། སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་འཛུགས་སྐྱོང་ལ་རམ་འདེགས་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ཡག་མོ་བྱེད་ཐུབ་ཡོད། ཤེས་རྟོགས་བྱུང་བ་ལྟར་ན་གནམ་མཚོ་མ་འོད་གློག་ས་ཚིགས་ནང་མུའུ་སུམ་བརྒྱ་ལྔ་བཅུ་ཡོད་པའི་ཉི་ནུས་འོད་པང་བསྒྲིགས་ཡོད་པས་ནགས་ཚལ་མུའུ་སུམ་ཁྲི་ལྔ་སྟོང་སྲུང་སྐྱོང་བྱེད་པ་དང་འདྲ་འདྲ་རེད། དེང་སང་ལ་རྔ་བ་ཁུལ་ཧོང་ཡོན་དང་མཛོད་དགེ། བཙན་ལྷ་སོགས་སུ་ཉི་ནུས་གློག་འདོན་ལས་གཞི་ལས་འགོ་བརྩམས་པ་རེད།