ཝང་ཧྲུའུ་ཧྥེན་གྱིས་རང་ཁུལ་གྱི་བཟོ་ཚོགས་ལས་ཀར་བརྟག་དཔྱད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-11   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འམ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཧྲུའུ་ཧྥེན་གྱིས་ཚོགས་པའི་སྣེ་ཁྲིད་དེ་རང་ཁུལ་དུ་འབྱོར་ནས་བཟོ་ཚོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།   ཝང་ཧྲུའུ་ཧྥེན་གྱིས་ནན་བཤད་གནང་དོན། བདེ་ཆེན་གྱི་རིམ་པ་ཁག་གི་བཟོ་ཚོགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བཟོ་ཚོགས་ཀྱི་ལས་ཀར་བཏོན་པའི་བླང་བྱ་ལྟར། བཟོ་ཚོགས་ཀྱི་ཚན་པ་ཁག་གི་ལས་ཀར་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ།    ཧུར་ཐག་གིས་ལས་ཀའི་རྣམ་པ་གསར་གཏོད་བྱས་ནས།   བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གསར་བར་འཇོག་པར་ཕན་སྐུལ་གནང་དགོས། 

    ཝང་ཧྲུའུ་ཧྥེན་འཁོར་དང་བཅས་པ་བདེ་ཆེན་ཁུལ་བྱིས་པའི་ཕན་བདེ་ཁང་དང་།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། ཁུལ་མི་རིགས་སློབ་འབྲིང་།ཁུལ་བོད་ཡིག་སློབ་འབྲིང་བཅས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།

     ཝང་ཧྲུའུ་ཧྥེན་གྱིས་ནན་བཤད་གནང་དོན་།དུས་རབས་གསར་པའི་འོག་གི་བདེ་ཆེན་བོད་ཁུལ་གྱི་བཟོ་ཚོགས་ལས་ཀ་ལེགས་པར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། བདེ་ཆེན་གྱི་རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་པའི་ཁོངས་མི་དང་གླེང་མོལ་བྱེད་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས།  ཝང་ཧྲུའུ་ཧྥེན་གྱིས་བརྟག་དཔྱད་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་སོགས་ལ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱབ་སྐྱོར་དང་ཐག་གཅོད་བྱེད་རྒྱུའི་སེམས་འདུན་བསྟན་པ་རེད།  

     ཆི་ཅན་ཞིན་གྱིས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བདེ་ཆེན་བོད་ཁུལ་གྱི་དམིགས་བསལ་རང་བཞིན་ལ་བསམ་གཞིགས་བྱས་ནས། མུ་མཐུད་དུ་སྲིད་ཇུས་དང་མ་དངུལ་གྱི་ཐོག་ནས་སེམས་ཁུར་དང་རོགས་རམ་གནང་རྒྱུའི་རེ་བ་ཞུས་པ་རེད།