སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་དང་ཤིང་སྡོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-11   རྩོམ་ཁུངས།   

  

  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྟག་མ་མེ་ཏོག་དང་རྒྱལ་ཐང་རྒྱ་སེ་མེ་ཏོག་གཉིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་གཉིས་དང་།གསོམ་ཤིང་དང་རྒྱལ་ཐང་སྐྱུ་རུ་ར་གཉིས་གྲོང་ཁྱེར་གྱི་མཚོན་བྱེད་ཤིང་སྡོང་གཉིས་ལ་གཏན་ཁེལ་བྱས་པ་རེད།

    གྲོང་ཁྱེར་གྱི་མཚོན་བྱེད་ཤིང་སྡོང་དང་གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་ནི་དེང་རབས་ཅན་གྲོང་ཁྱེར་གྱི་འཛིན་བྱང་ལྟ་བུ་ཡིན་ལ།གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་དང་གྲོང་ཁྱེར་གྱི་མཚོན་བྱེད་ཤིང་སྡོང་འདེམས་པའི་བྱེད་སྒོ་སྤེལ་བ་འདི་མ་འོངས་པ་སེམས་ཀྱི་ཉི་ཟླ་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་ཅན་གྱི་གྲོང་ཁྱེར་དང་ལྗང་མདོག་ཅན་གྱི་གྲོང་ཁྱེར་ཁྱད་ཆོས་དམིགས་སུ་ཐོན་པར་དོན་སྙིང་ཆེན་པོ་ལྡན་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་2017ལོའི་ཟླ་10པའི་ཚེས་19ཉིན་ནས་བཟུང་དཔྱད་འདེམས་བྱེད་སྒོ་འགོ་ཚུགས་པ་ཡིན་ལ། མཐར་གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་ནི་སྟག་མ་མེ་ཏོག་དང་གྲོང་ཁྱེར་གྱི་མཚོན་བྱེད་ཤིང་སྡོང་ནི་གསོམ་ཤིང་གཉིས་འདེམས་པ་རེད། གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་དང་གྲོང་ཁྱེར་གྱི་མཚོན་བྱེད་ཤིང་སྡོང་ལ་ས་གནས་ཁྱད་ཆོས་ལྡན་དགོས་ལ་སེམས་ཀྱི་ཉི་ཟླའི་ས་བབས་ཀྱི་ཆ་རྐྱེན་ལ་ཡང་མཐུན་དགོས་ཏེ། རྒྱལ་ཐང་རྒྱ་སེ་མེ་ཏོག་ལ་འཆམ་མཐུན་གྱི་མཚོན་དོན་ཡོད་པ་མ་ཟད་མཐོ་སྒང་གི་གནམ་གཤིས་དང་ཡང་མཐུན་པ་རེད། རྒྱལ་ཐང་སྐྱུ་རུ་ར་ལ་ས་མཐོའི་གྲང་ངར་བཟོད་པའི་ནུས་པ་ལྡན་ལ། སེམས་ཀྱི་ཉི་ཟླའི་ཡུལ་ཁོངས་འདིར་སྐྱེ་བའི་སྡོང་བོ་ཞིག་ཡིན་པ་རེད། དེར་བརྟེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྟག་མ་མེ་ཏོག་དང་རྒྱལ་ཐང་གི་རྒྱ་སེ་མེ་ཏོག་གཉིས་གྲོང་ཁྱེར་གྱི་མེ་ཏོག་གཉིས་ལ་འདེམས་ལ། གསོམ་ཤིང་དང་རྒྱལ་ཐང་སྐྱུ་རུ་ར་གཉིས་གྲོང་ཁྱེར་གྱི་ཤིང་སྡོང་གཉིས་ལ་འདེམས་པ་རེད།