ལོ་ལྔ་ཚན་བཅུ་གསུམ་རིང་བདེ་ཆེན་གྱིས་གལ་ཆེའི་རྣམ་གྲངས125ལག་བསྟར་བྱེད་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-11   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།བདེ་ཆེན་ཁུལ་གྱིས་གལ་ཆེའི་རྣམ་གྲངསགགསོག་འཇོག་ལ་བྱེད་ཚད་ཆེ་རུ་བཏང་བས།མིག་སྔའི་བར་དུ་སྔ་རྗེས་སུ་འབོར་ཐེངས་གསུམ་སྟེ་ཁྱོན་བསྡོམས་གལ་ཆེའི་རྣམ་གྲངས་125ཡི་དུས་མགོའི་ལས་ཀ་ལག་བསྟར་བྱས་པ་དང་།རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་3736ཡིན་པ་རེད།

འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད།

    ཁུལ་ཡོངས་ཀྱིས་ཏན་བོད་ལྕགས་ལམ་དང་།ཏན་བོད་མྱུར་བགྲོད་གཞུང་ལམ།སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་མྱུར་བགྲོད་གཞུང་ལམ།འཇོལ་རྫོང་ཁ་བ་དཀར་པོའི་དམངས་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཐང་སོགས་རྣམ་གྲངས24གྲབས་གསོག་བྱས་པ་དང་།རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་1987གཏོང་བ་རེད།

ཆུ་བེད་ནུས་ཁུངས་ཐད།

    ཞུས་ལུང་གློག་འདོན་ས་ཚིགས་དང་ཀོང་རྩེད་ར་གློག་འདོན་ས་ཚིགས་སོགས་རྣམ་གྲངས་21ཡོད་དེ།རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་876ཡིན་པ་རེད།

གྲོང་ཁྱེར་འཛུགས་སྐྲུན་ཐད།

    ཁུལ་ཡོངས་ཀྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་དང་གྲོང་ཁྱེར་སྦུག་དྲ་འཛུགས་སྐྲུན།ཤམ་བྷ་ལའི་སྐྱེ་ཁམས་འདམ་རའི་སྤྱི་གླིང་སོགས་རྣམ་གྲངས་31ཡོད་དེ། རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་380ཡིན་པ་རེད།

སྐྱེ་ཁམས་སྲུང་སྐྱོང་ཐད་དུ།

    ཡུན་ནན་བོད་ཁུལ་གྱི་དྲོད་འདོན་རྣམ་གྲངས་དང་།ནགས་ཕག་མཚོའི་འདམ་རའི་སྲུང་སྐྱོང་ལས་གཞི་སོགས་རྣམ་གྲངས18ཡོད་དེ། རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་221ཡིན་པ་རེད།

སྤྱི་ཚོགས་ལས་དོན་ཐད་དུ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་རྣམ་གྲངས21ཡོད་དེ།རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་216ཡིན་པ་རེད།ཐོན་ལས་འཕེལ་རྒྱས་ཀྱི་ཐད་དུ།རྡོ་མཁར་རྫོང་གི་སྤུས་ལེགས་རྒྱུས་སྐྲུན་དང་།སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན།འབྲི་ཆུའི་ལམ་རྒྱུད་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་རྣམ་གྲངས་10ཡོད་དེ།རྣམ་གྲངས་ཚོད་རྩིས་ལྟར་ན་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་56ཡིན་པ་རེད།