པོ་ཏ་ལར་རིན་མེད་ངང་ལྟ་སྐོར་བྱས་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-05   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་11ཚེས་1ཉིན་དགུན་ཁ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་སྤེལ་ནས། པོ་ཏ་ལར་2018ལོའི་ཟླ་11ཚེས་1ཉིན་ནས་2019ལོའི་ཟླ་3ཚེས་15ཉིན་བར་རིན་མེད་ངང་ལྟ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། འདིའི་རིང་། ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་སྟེན་ནས་ཉིན་དེའི་རིན་མེད་སྤ་སེ་ལེན་ཏེ་ལྟ་སྐོར་བྱེད་ཆོག