འཇོལ་བའི་བུ་མོ་ཞེས་པའི་གཞས་སྙན་འདིས་ཁྱེད་ཀྱི་ཡིད་སེམས་གསོ་བར་ཤོག

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-10-24   རྩོམ་ཁུངས།    པར་ནི་པའེ་ཏུའུ་དྲ་བ།

གཞས་ལ་ཉན་སའི་ས་གནས།

https://v.qq.com/x/page/o052233do87.html




སྙིང་སྡུག་འཇོལ་བའི་བུ་མོ།

 

རྔམ་བརྗིད་ལྡན་པའི་ཨ་མྱེས་ཁ་བ་དཀར་པོའི་འགྲམ་ན།

རྟག་བརྟན་གྱི་བརྩེ་བ་སྲུང་བའི་སྨན་བཙུན་མོ་ག་ལེར་བཞུགས་ཡོད།

ཡིད་འོང་འཇོལ་བའི་བུ་མོར།

སྨན་བཙུན་མོ་ལྟ་བུའི་ལྷད་མེད་ཀྱི་བརྩེ་སེམས་ཡོད།

 

སྲིད་པའི་གངས་རི་ཡི་རྩེ་མོ་ནས།

གངས་ཆབ་སྔོན་མོ་ལྷང་ལྷུང་གཞུང་ལ་འབབ།     

ཡིད་འོང་འཇོལ་བའི་བུ་མོར།  

ཡིད་སེམས་དབང་མེད་འགུགས་པའི་སྐད་ཀྱི་དྭངས་མ་ཡོད།

 

མཚོ་ཆུང་གཡུ་ཡི་མེ་ལོང་ནས།

གསེར་མིག་ཉ་མོས་འཁྱུག་འགྲོས་སྟངས་སྟབས་མངོན།

 ཡིད་འོང་འཇོལ་བའི་བུ་མོར། 

ཉམས་འགྱུར་སྟོང་གིས་ཕྱུག་པའི་གར་གྱི་འཁྲབ་རྩལ་ཡོད། 

 

ནེའུ་གསིང་སྤང་ལྗོངས་སྔོན་མོ་ནས།

མེ་ཏོག་སྟོང་གིས་མཛེས་པའི་བཀྲགས་མདངས་མངོན།  

ཡིད་འོང་འཇོལ་བའི་བུ་མོར།

མ་བཅོས་ལྷུན་གྱིས་གྲུབ་པའི་འཇོ་སྒེག་འཛོམས་ཡོད།