༄༅།།དཔལ་ཆེན་ཚེ་རིང་གིས“2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས”ཀྱི་ཨང་དང་པོ་བླངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-24   རྩོམ་ཁུངས།    མི་དམངས་དྲ་བ།

ཁམས་པའི་བརྙན་འཕྲིན་གྱི་2018ལོའི་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་ཀྱི་ཡུལ་དངོས།

        གསུང་རབ་གྱེར་འདོན་དང་། དུས་རབས་ཕྱིར་དྲན། ཕུགས་བསམ་མངོན་འགྱུར། ལང་ཚོ་རྒྱས་པ། 2018ལོའི་ཟླ་10ཚེས་21ཉིན་གྱི་དགོང་མོའི་ཆུ་ཚོད་8པར། ཁམས་པའི་བརྙན་འཕྲིན་2018ལོའི་སྐད་གཉིས་སྙན་ངག་སྟོན་ཚོགས་དེ་སི་ཁྲོན་རླུང་བརྙན་འཕྲིན་ལས་ཁུངས་སུ་བརྙན་ཕབ་ལེགས་གྲུབ་བྱུང་ཡོད་ཅིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་མཐོ་སློབ་ནས་ཡོང་བའི་ཕུལ་བྱུང་གཞོན་ནུ་བཅུས་སྤོབས་པ་ཆེར་སྐྱེད་དང་བག་ཡངས་བཟང་སློབ་སྒོས། ལང་ཚོ་དང་སྙན་ངག་གིས་ཕྱུག་པའི་གར་སྟེགས་འདིའི་སྟེང་འཇོན་ཐང་དང་ཤེས་རབ་ཀྱི་འགྲན་བསྡུར་ཞིག་སྤེལ་ཡོད། མཇུག་མཐར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བདམས་ཐོན་པ་དཔལ་ཆེན་ཚེ་རིང་གིས་ད་ཐེངས་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་ཨང་དང་པོ་བླངས་ཡོད།

        ད་ཐེངས་ཀྱི་སྟོན་ཚོགས་འདི་ཟླ་8པ་ནས་སྤེལ་འགོ་བཙུགས་པའི་རིང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་སྨྱན་སྦྱོར་ཆེ་གྲས་ཁག་གི་རྒྱུན་མཐུད་ཀྱི་དོ་སྣང་བྱུང་ཡོད། 2018ལོའི་ཟླ་11གི་ཟླ་འགོར། “ངོ་མཚར་སྐད་གཉིས། དགའ་འཛོམས་སྙན་ངག”ཞེས་པའི་ཁམས་པའི་བརྙན་འཕྲིན་གྱི་2018ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཁམས་པའི་བརྙན་འཕྲིན་བརྒྱུད་ནས་སྟོན་རྒྱུ་ཡིན་པས་རེ་སྒུག་ཡོད་པ་ཞུ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བདམས་ཐོན་པ་དཔལ་ཆེན་ཚེ་རིང་།

དཔྱད་འདེམས་དགེ་རྒན་རྣམ་པ།

ཁམས་པའི་བརྙན་འཕྲིན་གྱི་2018ལོའི་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་ཀྱི་ཡུལ་དངོས།

ཡུལ་དངོས་ཀྱི་ལྟད་མོ་བས་བདམས་ཐོན་པར་དགའ་བསུ་ཞུ་བ།

བྱ་དགའ་ཐོབ་མཁན་རྣམས།