༄༅།།“རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར”བོད་ལྗོངས་སུ་ཐེངས་དང་པོ་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-16   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་10ཚེས་10ཉིན། གློག་བརྙན་གཟའ་འཁོར་གྱི་འཐབ་ཇུས་མཉམ་ལས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་དེ་འགོ་ཚུགས་མཛད་སྒོའི་ཐོག་སྤེལ་ཞིང་།  དེ་ཉིན“སྲོག་ཆགས་དང་རང་བྱུང”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གློག་བརྙན་འགྲེམས་སྟོན་དཔྱད་བསྡུར་གྱི་དུས་སྟོན།—— “2018ལོའི་ལྷ་སའི་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར”ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་དང་། འདི་ནི་གློག་བརྙན་གཟའ་འཁོར་དེ་བོད་ལྗོངས་སུ་སྤེལ་ཐེངས་དང་པོ་ཡིན།

        “2018ལོའི་ལྷ་སའི་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར”གྱིས“བརྙན་པར་གྱིས་དྲན་ཤེས་བཀོད་པ་དང་། པར་ཆས་ཀྱིས་འབྱུང་འགྱུར་སྲུང་སྐྱོང་བྱེད་པའི”འདུ་ཤེས་བཟུང་ནས། “སྐར་ཚོགས་བཀྲ་བའི་ནམ་མཁའི་འོག་གི་གློག་བརྙན་སྟོན་མཁན་རུ་ཁག”ཞེས་པའི་ཕྱི་རོལ་དུ་གློག་བརྙན་སྟོན་པའི་བྱེད་སྒོ་དང་། ལྗང་མདོག་གློག་བརྙན་འགྲེམས་སྟོན་དང་འཁྲབ་ཁྲིད་པ་དང་ངོ་འཕྲད་འདུ་ཚོགས་སོགས་སྤྱི་པའི་བྱེད་སྒོ་སྤེལ་རྒྱུ་རེད། ད་དུང“ལྗང་མདོག་བརྙན་པར་གྱི་ཟིན་འགོད”དང“ལྗང་མདོག་ཡུལ་སྐོར་རིག་གནས” “ལྗང་མདོག་འཚོ་བའི་ཕྱིར་སྐྱོད” “ལྗང་མདོག་ཡུལ་སྐོར་རིག་གནས་གསར་གཏོད” “ལྗང་མདོག་ཡུལ་སྐོར་རིག་གནས་ཐོན་རྫས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་རིག་གནས་འཚོལ་ཞིབ་གཏིང་ཟབ་བྱ་རྒྱུའི་སྒྲིག་འཛུགས་བྱས་ཡོད།

        “2018ལོའི་ལྷ་སའི་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར”ནི་ཀྲུང་གོའི་གློག་བརྙན་དཔྱད་ཡིག་ཁང(ཀྲུང་གོའི་གློག་བརྙན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས)གིས་གཙོ་གཉེར་བྱས་པ་དང་། དེ་ནི་དེ་སྔའི་2007ལོར་བཙུགས་པའི་ཀྲུང་གོའི་རྒྱལ་སྤྱིའི་སྲོག་ཆགས་དང་རང་བྱུང་གློག་བརྙན་གཟའ་འཁོར་ཞེས་པ་དེ་ཡིན་པ་དང་། 2009ལོར་ཧྥ་རན་སེའི་མེ་ཉི་ཀུའུ་ཐེ་སྲོག་ཆགས་ཀྱི་གློག་བརྙན་དུས་ཆེན་སོགས་གློག་བརྙན་དུས་ཆེན་མང་པོ་དང་ཐུན་མོང་ཐོག“རྒྱལ་སྤྱིའི་སྣོད་བཅུད་དང་སྲོག་ཆགས་ཀྱི་གློག་བརྙན་མནའ་འབྲེལ”བཙུགས་པ་དང་སྤྱི་ཁྱབ་པུའུ་ཧྥ་རན་སེར་ཡོད་པ་རེད། 2017ལོར་དངོས་སུ་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར་ཞེས་པར་མིང་བསྒྱུར་བ་རེད།