ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་མགྱོགས་པོར་འཛུགས་སྐྲུན་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-14   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་10ཚེས་11ཉིན། མི་མེད་གནམ་གྲུས་པར་བླངས་པའི་ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལེ་ཧྲན་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་ཟམ་ཆེན་ཡིན་ཞིང་། མིག་སྔར། ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་མེ་འཁོར་ཤར་གཏོང་དང་ལས་གཉེར་བྱེད་འགོ་འཛུགས་རྒྱུ་རེད། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་ནི་ཁྲོན་བོད་ལྕགས་ལམ་ཧྲིལ་པོའི་ལས་འགོ་འཛུགས་སྔ་ཤོས་དེ་ཡིན་ལ་ལེགས་གྲུབ་དང་ལས་གཉེར་བྱུང་སྔ་ཤོས་དེའང་ཡིན་པས། དེས་ཁྲོན་བོད་ལྕགས་ལམ་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།