བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་ལམ་མགྲོན་མི་ཐེངས་13118འདོན་འཇུག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-09   རྩོམ་ཁུངས།   

        ཉེ་སྔོན། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་རྒྱུས་ལོན་བྱུང་བར་ལྟར་ན།  ཟླ་10པའི་ཚེས་1ཉིན་ནས་ཚེས་7ཉིན་གྱི་བར་དུ།  གནམ་གྲུ་ཐང་དེས་གནམ་གྲུའི་ལན་གྲངས་ཐེངས་138འགན་ལེན་བྱས་པ་དང་།  ལམ་མགྲོན་མི་ཐེངས་13118འདོན་འཇུག་བྱས་པ།  དངོས་ཟོག་དང་སྦྲག་ཐོག་བསྐུར་མ་ཏུན་16.187འདོན་འཇུག་བྱས་ནས་གུང་གསེང་སྐབས་ཀྱི་ཞབས་ཞུ་དང་བདེ་འཇགས་སྲུང་སྐྱོབ་བདེ་བླག་ངང་སྒྲུབ་པ་རེད།

        རྒྱ་ཆེ་བའི་ལམ་མགྲོན་རྣམས་བདེ་འཇགས་དང་སྐྱིད་པོའི་ངང་ཕྱིར་ཐོན་པའི་ཆེད་དུ།  སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་ཁྱད་ལྡན་ཞབས་ཞུ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ།  ཟླ10པའི་ཚེས་1ཉིན་དུ།  གནམ་གྲུ་ཐང་གི་ས་ངོས་ཞབས་ཞུ་པུའུ་དང་བདེ་འཇགས་ཞིབ་བཤེར་ས་ཚིགས།  གནམ་གྲུ་བདེ་འཇགས་སྲུང་སྐྱོབ་མེ་འགོག་པུའུ་བཅས་ཀྱིས་བྱེད་སྒོ་སྣ་ཚོགས་བསྡུས་ནས་མེས་རྒྱལ་གྱི་ལོ་69པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་།  གུང་གསེང་གི་སྐབས་སུ་གནམ་གྲུ་ཐང་གི་ས་ངོས་ཞབས་ཞུ་པུའུ་ཡི་ལས་བྱེད་མི་སྣས་མི་རིགས་ཀྱི་གོས་རྒྱན་སྤྲས་པ་དང་།  མི་རིགས་ཀྱི་གླུ་དབྱངས་ལེན་པ།  ལམ་མགྲོན་རྣམས་ལ་ཀ་ར་དང་ལག་རྟགས་ཆུང་ཆུང་སོགས་གནང་ནས།  ལམ་མགྲོན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཏེ།  ལམ་མགྲོན་རྣམས་ཀྱིས་དགའ་བསུ་དང་གདེང་འཇོག་ཐོབ་ཡོད་པ་རེད།