ཀྲུང་དབྱང་གིས《གྲོང་གསེབ་དར་རྒྱས་ཀྱི་ལོ5ཡི་འཐབ་ཇུས་འཆར་འགོད》བཀྲམ།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》པར་འགྲེམས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-28   རྩོམ་ཁུངས།   

         ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆརJའགོད(2018ལོ་ནས་2022ལོ་བར)》འགྲེམས་སྤེལ་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》དེར་ཁྱོན་ལེའུ་བཅུ་གཅིག་དང་ས་བཅད་སོ་བདུན་ཡོད་པ་རེད།

        འཆར་འགོད་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ་ལྡན་པ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་དུས་མཚམས་རང་བཞིན་གྱི་འཆར་འགོད་བྱས་པ་དང་། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་2022ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་སྐབས་བར་གྱི་དམིགས་ཚད་ལས་འགན་སོ་སོར་ཁ་གསལ་བཟོས་པ། ལས་ཀའི་གཙོ་གནད་དང་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་སུ་བཏང་བ། གཙོ་གནད་ལས་གྲྭ་དང་། འཆར་གཞི་འགངས་ཆེན། བྱ་སྤྱོད་འགངས་ཆེན་བཅས་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།

        《འཆར་འགོདནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབས་ཆེ་ཤོས་ཀྱི་ལས་འགན་ནི་གྲོང་གསེབ་ཏུ་ཡོད་པ་དང་། ཁྱབ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་རྨང་གཞི་གྲོང་གསེབ་ཏུ་ཡོད་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དང་རྟིང་ཤུགས་ཀྱང་གྲོང་གསེབ་ཏུ་ཡོད་པ་བཅས་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ཐག་གཅོད་བྱེད་པ་དང་། ལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལྡོག་མེད་བླང་བྱ་ཡིན་པས་དོན་དམ་པའི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་བསྟན་པ་རེད།

        གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ པའི་འགག་རྩའི་བྱེད་ཐབས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལམ་ནུས་ལྡན། དེང་རབས་སྤྱི་ཚོགས་བཅོས་སྐྱོང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བའི་རྩ་བཅོས་བྱེད་ཐབས། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་ལྡོག་མེད་གདམ་ག་བཅས་རེད།

         《འཆར་འགོད》ནང་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དུས་མཚམས་གཉིས་ལ་དབྱེ་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་2018ལོ་ནས་2022ལོ་བར་གྱི་ལོ་ལྔའི་རིང་གྲོང་གསེབ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱེད་དགོས་པ་མ་ཟད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་། གོམ་པ་ཡག་པོ་སྤོ་བ། རྨང་གཞི་ཡག་པོ་འདིང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        《འཆར་འགོདནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་གཞི་རྩའི་རྩ་དོན་ནི། ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཞིང་པའི་བྱེད་པོའི་གནས་བབ་མཐའ་འཁྱོངས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་དང་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

        《འཆར་འགོདནང་2020ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ཀྱི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་གཞི་རྩའི་ཆ་ནས་ཆགས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་གྲོང་གསེབ་དར་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་བཟོ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བཅས་ཡོང་བ་བྱ་རྒྱུ་དང་། 2022ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ཀྱི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་མ་ལག་རགས་ཙམ་འཐུས་ཚང་བཙུགས་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་དབྱིབས་དང་ཉམས་མྱོང་ཁག་གཅིག་འཚོལ་ཞིབ་བྱས་ནས་གྲུབ་པ་བྱས་ཏེ་གྲོང་གསེབ་དར་རྒྱས་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་བཏོན་པ་རེད།

        2035ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་།2050ལོར་སླེབས་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བྱུང་སྟེ་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།