རོང་པའི་ཉི་ཤར་བྱམས་གླུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-27   རྩོམ་ཁུངས།   

        འཆམ་མི་འཆམ་རའི་ནང་ལ།།འཆམ་མི་གླུ་དགོས་བསམ་བྱུང་།ང་འདྲ་ཁྱེད་འདྲ་མ་གཏོགས།།གཞན་པ་མི་འདུག་བསམ་བྱུང་།བྱམས་གླུ་རོང་པ་བྱམས་གླུ།།འཆམ་ས་ཉི་ཤར་སྒང་ཁ།།དབྱངས་དང་ལྷ་མོ་མཛེས་བྱུང་།ས་ཆ་ཡིད་བཞིན་ནོར་བུ།།བྱམས་གླུ་སྣང་བ་སྐྱིད་པོ།།བགྲངས་ནས་སྣང་བ་བསངས་བྱུང་།བྱམས་གླུ་བགྲང་ཞིང་དག་མོ།།འཛོམས་ཤིང་གླུ་བཏང་བཟང་བྱུང་།བྱམས་གླུ་བགྲང་ཡས་ཡག་ཅིག།ལས་ཀྱི་འཛོམ་རོགས་ཨ་ཆོག།གནམ་ལ་སྐས་ཅིག་བཙུགས་ཡོད།།སྨིན་དྲུག་ཁྱོད་ལ་བཙུགས་ཡོད།།ཆུ་སྟོད་ངང་པ་སེར་པོ།།ཆུ་སྨད་དངུལ་གྱི་ཟླ་བ།།རྒྱ་མཚོ་ཁ་ནས་ཡར་བསྐོར།།གསེར་རི་གཡུལ་སྨད་སྐྱིད་བྱུང་།ཨ་རོག་གསེར་ཤུབ་ཕྲ་མོ།།གསེར་གྱི་ཟམ་པ་བཙུགས་ཡོད།།འཆམ་ཡག་ཁྱོད་རྩར་བཙུགས་ཡོད།།ཨ་རོག་དངུལ་ཤུབ་ཕྲ་མོ།།དངུལ་གྱི་ཟམ་པ་བཙུགས་ཡོད།། ཉེ་སྲིང་ཨ་འཛོམས་བལྟ་ཆོག།ལྷ་ས་རྫོང་ན་ཡོད་པའི།།ཞྭ་མོ་ཚེ་རིང་དཀྱིལ་འཁོར།།ཞྭ་མོ་ཚེ་རིང་དཀྱིལ་འཁོར།།ཨ་འུ་ཁྱོད་ཀྱི་རྒྱན་ཆ།།རྒྱ་མཚོའི་ནང་ལ་ཡོད་པའི།།བྱུ་རུ་གཡུ་བདུན་དྲུག་དཀར།།བྱུ་རུ་གཡུ་བདུན་དྲུག་དཀར།།ཨ་ཞི་ལྷ་མོའི་རྒྱན་ཆ།།