ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་འཁྲབ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-12   རྩོམ་ཁུངས།    སེངས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་9པའི་ཚེས་12ཉིན་གྱི་སྔ་དྲོར།ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་འཁྲབ་སྟོན་དེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་ཞིང་།ཟླ་མང་བོའི་རིང་ལ་གྲ་སྒྲིག་བྱས་པའི་འཁྲབ་ཚན་མང་བོ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གཟིགས་འབུལ་གནང་རེད། 

        སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་གྱ་ནོམ་པོ་ཞིག་ཡོང་ཆེད། བདེ་ཆེན་ཁུལ་གྱིས་ན་ནིང་ནས་བཟུང་མགྲོན་བསུའི་དགོང་ཚོགས་དང་མཛད་སྒོའི་རིག་རྩལ་འཁྲབ་སྟོན་སོགས་ལ་ཇུས་འགོད་ཞིབ་ཚགས་བྱས་པ་ཡིན། ཁམས་པའི་སྒྱུ་རྩལ་དུས་ཆེན་ནི་ཁམས་ཕྱོགས་ཀྱི་རིག་གནས་དུས་སྟོན་ཆེན་མོ་ཞིག་ཡིན་པའི་ཆ་ནས། དེར་ས་གནས་སོ་སོའི་སྒྱུ་རྩལ་གྱི་ཉིང་བཅུད་འདུས་ཡོད་པས། བོད་མི་རིགས་ཀྱི་སྒྱུ་རྩལ་དང་གླུ་གར་སོགས་ལ་དགའ་བའི་ཁྱེད་ཚོ་དུས་ལྟར་ཕེབས་པར་དགའ་བསུ་ཡོད།