རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ་ནས།


        ཟླ9བའི་ཚེས2ཉིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཀྲུང་གོ་ནང་བསྟན་མཐུན་ཚོགས།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་དུ་སྒྲུབ་པའི་རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས།


        རྗེ་ཤེས་རབ་རྒྱ་མཚོ་མཆོག་ནི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་།ཀྲུང་གོའི་ནང་བསྟན་པའི་སྡེ་ཡི་གཟེངས་སུ་ཐོན་པའི་སྣེ་ཁྲིད་པ།ཕུལ་དུ་བྱུང་བའི་བོད་རིག་པའི་མཁས་དབང་ཆེན་མོ་ཡིན་ལ།དམ་པ་ཁོང་སྐུ་བཞུགས་དུས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།ཀྲུང་གོ་ནང་བསྟན་སློབ་གླིང་གི་སློབ་གཙོ་སོགས་ཀྱི་འགན་བཞེས་མྱོང་།

 


ཀྲུང་དབྱང་བོད་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར་གྱིས་གཏམ་བཤད་སྤེལ་བཞིན་པ།

 


ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ལཱེན་ཞྭང་མེན་གྱིས་གཏམ་བཤད་སྤེལ་བཞིན་པ།

 


ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡཱན་ཅོ་ཡིས་གཏམ་བཤད་སྤེལ་བཞིན་པ།

 


རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།

 


མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

 


མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་དབྱི་པའོ་ཡིས་དཔྱད་མོལ་ཚོགས་འདུར་འགོ་འཛིན་མཛད་བཞིན་པ།

        དཔྱད་མོལ་ཚོགས་འདུའི་སྟེང་།ཀྲུང་དབྱང་བོད་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར་དང་།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ལཱེན་ཞྭང་མེན།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡཱན་ཅོ།རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་སོགས་ཀྱིས་སོ་སོར་ཤིས་ཚིག་ཕུལ་ཏེ།དགེ་བཤེས་ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་དགོངས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་ཐད་ཀྱི་མཛད་རྗེས་ལ་དྲན་གསོ་ཞུས


        རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་སླད་དུ།རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་དབར་གྱི་རིག་གནས་བརྗེ་རེས་དང་ཕན་ཚུན་གྱི་འཁྱེར་སོ་རྒྱུས་ལོན་པའི་ཕྱོགས་སུ་ཕྱག་ལས་གང་མང་གནང་བ་དང་།མི་རིགས་རིག་གནས་ལས་དོན་ལ་སྲུང་སྐྱོབ་དང་ཡར་རྒྱས་སུ་གཏོང་བར་བསུབ་ཏུ་མེད་པའི་ཕྱག་རྗེས་མཛད་དེ་ཀྲུང་གོའི་ནང་བསྟན་པའི་སྡེ་ཡི་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་གསོན་པོ་ཞིག་ཏུ་གྱུར་བས། བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལེ་སོགས་ཀྱིས་ཀྱང“རྒྱལ་གཅེས་རྒན་པོ”ཞེས་པའི་མཚན་སྙན་གསོལ་མྱོང་། ཁོང་གིས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ་བཅས་ཀྱི་རྣམ་དཀར་འཕྲིན་ལས་ལ་འབད་པ་ལྷོད་མེད་གནང་བ་དང་།ལྷག་ཏུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དར་ཆ་ཆེས་ཆེར་བསྒྲེངས་པས་རྒྱ་བོད་ཧོར་སོགས་ཀྱི་མི་རིགས་ཁག་ཙམ་མ་ཟད།འཛམ་གླིང་གི་ཕྱི་ནང་ཀུན་ཏུ་ཡང་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་རེད།





        རྒྱུས་ལོན་པ་ལྟར་ན།2018ཟླ9བའི་ཚེས4ཉིན་ནས25ཉིན་བར་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་རྗེ་ཤེས་རབ་རྒྱ་མཚོའི་མཛད་རྣམ་བཀྲམ་སྟོན་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་བཀྲམ་སྟོན་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་རྗེ་ཤེས་རབ་རྒྱ་མཚོ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ།བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་།“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ།ཐོག་མཐའ་བར་གསུམ་དུ་རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་ཀྲུང་གོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།བློ་བརྟན་འགྱུར་མེད་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ལམ་དུ་བསྐྱོད་དེ།མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་གནོད་སྐྱེལ་བའི་བསམ་སྤྱོད་གང་ལའང་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ།ཕྱོགས་ཡོངས་ནས་བོད་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་དགོས།