པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གསར་བ་དངོས་སུ་བཙུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-30   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན།རང་ཁུལ་གྱི་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་།བལ་འཐག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཁུལ་སྲིད་གཞུང་གི་ར་སྐོར་ནང་བསྡུས་པ་རེད།འདིས་སྔོན་གྱི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་སྔོན་གྱི་བལ་འཐག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སུའོ་གཅིག་བསྡུས་སྡེབ་སྒྲིག་ལེགས་འགྲུབ་བྱུང་བ་དང་།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གསར་བ་དངོས་སུ་བཙུགས་པ་མཚོན་པ་རེད། 

        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་2015ལོར་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཁུལ་དགུ་ཡི་ཚོད་ལྟའི་ལས་ཁུངས་སུ་ཚུད་པ་དང་།ཡུན་ནན་ཞིང་ཆེན་གྱི་ཚོད་ལྟའི་ཁུལ་དུ་ཚུད་པའི་བཅོས་སྒྱུར་ཁུལ་ཁོངས་གཅིག་པུ་ཡིན་པ་རེད།ཡུན་ནན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་ལྗིད་མོ་འཁུར་ཡོད་པ་མ་ཟད།རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྒྱུར་བཅོས་ཀྱི་ཉམས་མྱོང་འདོན་སྤྲོད་བྱེད་པའི་ཆབ་སྲིད་ཀྱི་འགན་ཁུར་ཡང་ཁུར་ཡོད།རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྙིང་སྟོབས་དངོས་སུ་མངོན་པ་མཚོན་ཡོད།        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་གྱི་བཅོས་སྒྱུར་ནི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་འཐུས་ཚང་ཅན་ལ་སྲུང་སྐྱོང་བྱེད་རྒྱུ་དེ་རྨང་གཞི་བྱས་ནས།རྒྱལ་ཁབ་ལ་དབང་བ་དང་།དམངས་ཡོངས་ཀྱིས་ལོངས་སྤྱོད་བྱེད་ཆོག་པ།མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་རྒྱུ་དེ་དམིགས་འབེན་བྱས་ནས།དོ་དམ་སྒྲིག་སྲོལ་མཐུན་སྒྲིག་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱབ་ནས་གཅིག་གྱུར་དང་ཚད་ལྡན་ནུས་ཆེའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པ་རེད།