རི་སྐྱེས་སྲོག་ཆགས་གྲུམ་པ་ངོ་སྤྲོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-14   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


གྲུམ་པ། 狗獾 Eurasin Badger

        གཟུགས་གཞིའི་ཁྱད་ཆོས།     གྲུམ་པ་དར་མ་ཞིག་གི་གཟིགས་ཀྱི་རིང་ཚད་ལ་ལིས་སྨིས65ནས་ལིས་སྨིས72དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ10ནས་སྤྱི་རྒྱ12ཡོད་ཅིང་། མཆུ་ཏོ་རིང་ཞིང་སྣ་མདོ་དང་ཡ་མཆུའི་བར་ན་སྤུ་སྐྱེས་ཡོད། རྣ་སྒོར་ཞིང་ཆུང་བ་དང་སྡེར་སུག་ཐུང་ཐུང་ཞིག་ཡིན། རྔ་མའི་རིང་ཚད་ཀྱིས་གཟུགས་ཀྱི་རིང་ཚད་ཀྱི1/3ཡན་ཟིན་འདུག གྲུམ་པའི་གདོང་ན་རྟགས་ཤད་དཀར་བོའམ་རྟགས་ཤད་དཀར་སྐྱ3འཐེན་ཡོད། ལུས་པོ་ཚོ་ཞིང་སྡེར་མོ་ཧ་ཅང་རྣོ། ལུས་རྒྱབ་ཀྱི་སྤུ་མདངས་ནི་དཀར་ནག་འདྲེས་མ་སྟེ་ཁམ་སྐྱ་ཡིན་ལ། ཁུལ་སྤུ་དཀར་བོ་ཡིན། གསུས་ངོས་དང་སུག་བཞི་ཁམ་ནག་ཡིན་ཞིང་རྔ་མ་ངང་སྐྱ་དང་རྔ་རྩེ་དཀར་བོ་ཡིན།

        ཁྱབ་ཡུལ།     གྲུམ་པ་ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་སོགས་ན་འཚོ་སྡོད་བྱས་ཡོད།

        འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག

        གྲུམ་པ་ནི་དེའུ་འབུར་དང་ཆུ་ཁ། མཚེའུ་ཁ་སོགས་ཀྱི་ནགས་རྫུབས་དང་རྩྭ་རྫུབས་ཀྱི་གསེང་ན་ཁུང་བུ་བརྐོས་ཏེ་འཚོ་སྡོད་བྱེད་བཞིན་ཡོད། གྲུམ་ཁུང་གི་རིང་ཚད་ལ་སྨིས་བཅུ་ལྷག་ཡོད་པ་དང་། གནོད་པ་གཞན་དག་མེད་ཚེ་གྲུམ་པ་གྲུམ་ཁུང་དེའི་ནང་དུ་རྒྱུན་སྡོད་བྱེད་པ་ཡིན། གྲུམ་པ་ས་སྲོད་ཀྱི་དུས་དང་མཚན་མོར་ཕྱི་རོལ་དུ་འགྲོ་བ་དང་། ནམ་ལང་ཁར་སླར་ཡང་གྲིམ་ཁུང་དུ་འཛུལ་བ་ཡིན། གྲུམ་པ་ཡར་རྒྱུ་མར་རྒྱུ་བྱེད་པའི་ས་རྒྱ་ནི་སྤྱི་ལེ་གྲུ་བཞི་མ2ནས4ཡི་བར་ཡིན།  གྲུམ་པ་ནི་ཞེ་སྡང་ཆེ་ནའང་རང་འགུལ་གྱིས་མིར་གནོད་པ་མི་བསྐྱལ། གྲུམ་པའི་ཁ་ཟས་གཙོ་བོ་ནི་རྩི་ཤིང་གི་རྩད་པ་དང་གཞུང་རྟ། འབྲས་བུ། སྦལ་བ། རྨིགས་པ། ས་འབུ་ནག་རིང་། འབུ་སོགས་ཡིན། གྲུམ་པས་གཅན་གཟན་གཞན་གྱི་ཟས་འཕྲོ་ཟ་བར་མ་ཟད། གྲོ་ནས་སྲན་གསུམ་ཡང་ཟ་བ་རེད། སྟོན་མཇུག་ཤེད་མོང་འབུད་པ་དང་དགུན་ཐོག་དགུན་ཉལ་སྟེག་པ་རེད།  ལོ་རེའི་ཟླ9བ་ནས་ཟླ10བར་འཁྲིག་སྦྱོར་བྱེད་ཅིང་། ཕྱི་ལོའི་ཟླ4བ་ནས་ཟླ5བའི་བར་ལ་ཕྲུ་གུ་བཙའ་བ་ཡིན།  བཙའ་ཐེངས་རེར་ཕྲུ་གུ2ནས5བཙའ་སྲིད། ལོ3འགོར་རྗེས་ཕྲུ་གུ་ནར་སོན་པ་ཡིན།

སྲུང་སྐྱོབ་བྱེད་པའི་དོན་སྙིང་།     གྲུམ་པ་ནི་གྲ་སྤུ་ནི་སྦོམ་ཞིང་རིང་བ་དང་མཉེན་ཤུགས་ལྡན་པས་ན། པིར་སྨྱུག་སོགས་ལས་ཆོག གྲུམ་ལྤགས་ནི་པགས་རིགས་རྩ་ཆེན་གྱི་གྲས་ཡིན། གྲུམ་ཤ་དང་གྲུམ་ཚིལ་སྨན་དུ་འགྲོ་བ་ཡིན

        ད་ཡོད་གནས་བབ།

        ཁོར་ཡུག་བརྫད་པ་དང་གྲུམ་པ་བསད་དྲགས་པའི་རྐྱེན་གྱིས་གྲུམ་པ་ནི་ལོ་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད།  ད་སྔ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁྲིམས་སྲོལ་ལག་བསྟར་བྱས་པ་དང་མཉམ་དུ་རིམ་པ་སོ་སོའི་སྲིད་གཞུང་གིས་བདག་གཉེར་དོ་དམ་ལ་ཤུགས་སྣོན་བྱས་པས། གྲུམ་པའི་གྲངས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད།