ཕྱི་གླིང་བ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་པའི་བོད་ཡིག་ཡིག་གཟུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        Tashi Mannox བོད་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་། སྐད་གྲགས་ཡོད་པའི་བོད་ཡིག་ཡིག་གཟུགས་མཁས་ཅན་ཞིག་ཡིན། ཁོང་གིས་ལག་རྩལ་གྱི་གསར་གཏོད་དང་མཚན་ཉིད་གསར་པའི་རྩ་བ་ནི་གཞུང་ལུགས་དང་སྲོལ་རྒྱུན་གྱི་རྨང་ལ་བརྟན་པོར་བཙུགས་ཤིང་། བོད་ཀྱི་བཀའ་རྒྱུད་པའི་སློབ་དཔོན་གྱི་མདུན་ནས་བགྲང་བྱ་ཉི་ཤུའི་རིང་བོད་ཀྱི་ཡིག་གཟུགས་ལ་སྦྱངས་བ་གནང་། ཁོང་གིས་བྲིས་པའི་ཡིག་གཟུགས་དང་མིའི་འདྲ་གཟུགས་ནི་ལག་རྩལ་དང་མཛེས་རྩལ་གྱི་ཐད་ནས་ཧ་ལས་དགོས་པའི་ཚད་ལ་ཐོན་ཡོད་པ་མ་ཟད། ནང་བསྟན་རིག་གནས་ཀྱི་འོད་སྣང་གིས་ཁེངས་ཡོད།