མཛེས་པའི་ནགས་ཕག་མཚོ་ལ་ཆུ་སྐྱར་ཁྱུ་ཚོགས་འཁོར།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ཉེ་ཆར།སེམས་ཀྱི་ཉི་ཟླར་དགུན་ངར་སླེབས་ཡོང་པས་ཆུ་སྐྱར་ནགས་ཕག་མཚོའི་བརླན་སར་འཕུར་ཡོང་བ་རེད།   ད་ནི་ཁུན་མིང་གྲོང་ཁྱེར་གྱི་ཚུའེ་ཧུའུ་མཚེའུ་དང་ཏ་ཀོན་ལུའུ།   ཏན་ཁྲི་མཚོ་ལ་འགྲོ་མི་དགོས་པར་རང་གི་ཁྱིམ་རྩ་རུ་ཆུ་སྐྱར་ལ་ལྟད་མོ་བལྟ་ཆོག་གི་རེད།  

  ཆུ་སྐྱར་གྱི་ལུས་ལྡེམ་ཞིང་མྱུར་ལ།   མཆུ་དང་རྐང་མཛུབ་ཀྱི་མདོག་ནི་ལྗང་སེར་ཡིན།  ཁ་ནི་སྨུག་སྐྱའངམ་ཟིང་སྐྱ།   མགོ་དང་སྐེ་ནི་དཀར་པོ།  རྒྱབ་དང་ཕྲག་ནི་སྐྱ་མདོག་ཡིན།   སྐེད་པ་དང་གཤོག་སྒྲོའི་མདོག་ནི་དཀར་རྐྱང་ཡིན་པས་མཛེས་པ་དང་སྟོབས་ཤུགས་མཉམ་གནས་ཀྱི་གཟི་བྱིན་ཞིག་ལྷུན་ཆགས་ཀྱིས་གྲུབ་ཡོད།   

  དུས་དེ་རིང་།   ནགས་ཕག་མཚོ་ནས་ཆུ་སྐྱར་གྱིས་མཚོ་ནང་གི་ཉ་མོ་འཛིན་པའི་འཁྲབ་སྟོན་ལ་བལྟ་དུས།   ཆུ་སྐྱར་གྱི་གཟུགས་མཛེས་ཤིང་སྟངས་སྟབས་ཡག་པ་དང་།   བདེ་རྩལ་འཁྱུག་པོ་ཡིན་པ་གཞི་ནས་རྟོགས།    དྭངས་གཙང་གི་མཚོ་ངོས་སུ་གཤོག་རྩལ་མངོན་པའི་རྣམ་པ་དེ་མི་བུ་སུ་ཞིག་གིས་མཐོང་ཡང་ཅིས་ཀྱང་ཉམས་དགའ་བའི་ཚོར་སྣང་ཞིག་སྟེར་ངེས་རེད།   

ཆུ་སྐྱར་ནི་དུས་བསྟུན་གནས་སྤོའི་བྱ་རིགས་ཡིན་པ་དང་།   ནགས་ཕག་མཚོ་ལ་ལོ་རེར་ཐེངས་གཅིག་མ་གཏོགས་འཕུར་ཡོང་གི་མེད།  རླུང་རླབས་དང་དྲག་ཏུ་འཐབ་པ་ནི་ཆུ་སྐྱར་གྱི་མཚོན་བྱེད་རང་བཞིན་ལྟ་བུ་ཞིག་ཏུ་གྱུར་ཡོད།