ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བདེ་ཆེན་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ལས་ཀའི་དངོས་བྲིས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བདེ་ཆེན་ཁུལ་གྱི་དངུལ་རྩའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་དམིགས་འབེན་དང་དམ་པོར་འབྲེལ་ནས།  ཁྲིམས་ལྟར་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱས་ཏེ།  བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དངུལ་རྩའི་རམ་འདེགས་གནང་ཡོད། 2017ལོའི་ཟླ6པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་སྤྱིའི་མ་རྩ་སྒོར་དུང་ཕྱུར322.67ཟིན་པ་དང།  བཅོལ་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར299.09ཟིན་ཡོད།  དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར202.61ཡོད།   

    གཙོ་བོ་གཤམ་གྱི་ཕྱོགས་འགའ་བརྒྱུད་ནས་མང་ཚོགས་ལ་དངུལ་རྩའི་ཞབས་ཞུའི་ཕན་བདེ་བསྐྲུན་ཡོད།  

སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ།  

ཀུན་ཕན་དངུལ་རྩ་འཕེལ་རྒྱས་བཏང་བ། 

འཛད་སྤྱོད་པའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱབ་ཡོད།  

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་དངུལ་གཏོང་སྤྲོད་ཞབས་ཞུའི་ཁོར་ཡུག་ལེགས་སུ་བཏང་ཡོད།  

ཞབས་ཞུའི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་ཡོད།  

དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།   

ཉེན་འགོག་འགན་ལེན་གྱི་ཐོན་རྫས་མངོན་དུ་ལྡབ་འཕར་བྱུང་ཡོད་པ་བཅས་རེད།