འཇང་ཀརྨ་རྣམ་རྒྱལ་གླིང་།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       འཇང་ཀརྨ་རྣམ་རྒྱལ་གླིང་ལ་རྒྱ་སྐད་དུ་ཀྲི་ཡོན་དགོན་པ་ཟེར་ཞིང་།   དེའི་དོན་ནི་སྤྲིན་ཞིག་བསྟན་ནས་དེའི་འོག་ཏུ་ཆགས་པའི་དགོན་པ་ལ་གོ།   

    འཇང་ཀརྨ་རྣམ་རྒྱལ་གླིང་ནི་ས་དམ་གྲོང་ཁྱེར་གྱི་སྟག་ཤི་མཚོའི་འགྲམ་དུ་གནས་ཡོད་ཅིང་། དེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་གི་ལོ་ལྔ་པ་སྟེ་སྤྱི་ལོ1772ལོར་བཞེངས་ཤིང་།  ས་དམ་ཡུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་གྲས་ལྔའི་ནང་གི་གཅིག་ཡིན།   དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་ཀརྨ་བཀའ་རྒྱུད་པའི་གྲུབ་མཐའི་དགོན་པ་ཞིག་ཡིན།  

        དགོན་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ལ་རྒྱ་དང་། བོད།  པའེ།  འཇང་རིགས་སོགས་མི་རིགས་ཀྱི་འཛུགས་སྐྲུན་སྒྱུ་རྩལ་གྱི་ཁྱད་ཆོས་གཞི་གཅིག་ཏུ་འདྲེས་ཡོད་ཅིང་། བོད་ཀྱི་དགོན་པ་གཞན་དག་གི་འཛུགས་སྐྲུན་དང་ཁྱད་ཆོས་མི་འདྲ་བ་མངོན་གསལ་ཡོད།    དགོན་པའི་ནང་དུ་ལོ་ངོ་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ་བཙུགས་པའི་གསོམ་སྡོང་དང་།སྐྱི་བ་ཤང་། ཁམས་དཀར་ཤིང་།  སྲིན་ཤིང་སོགས་གནའ་སྡོང་བཙུགས་ཡོད་ཅིང་དགོན་པའི་ཁོར་ཡུག་ཤིན་ཏུ་མཛེས་པོ་ཡོད།  

        གཏེར་རྡོ་ནི་ཀརྨ་རྣམ་རྒྱལ་གླིང་གི་གནས་ཆེན་པོ་ཞིག་ཡིན་ཞིང་།   དེའི་སྟེང་དུ་མ་ཎི་ཡིག་དྲུག་སོགས་ཀྱི་སྔགས་ཡིག་རང་བྱོན་ཡོད། 

        དྲུང་པ་རིན་པོ་ཆེ་ནི་ཀརྨ་རྣམ་རྒྱལ་གླིང་གི་དགོན་བདག་ཡིན་པ་དང་།   སྐུ་ཕྲེང་བཅུ་བཞི་བ་དང་།  བཅོ་ལྔ་བ། བཅུ་དྲུག་པའི་དུས་སྐབས་སུ་དགོན་པ་ལ་དར་རྒྱས་ཆེན་པོ་བྱུང་ནས་སྙན་གྲགས་ཅུང་ཆེ་བ་བྱུང་།    ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་དྲུང་པ་རིན་པོ་ཆེས་དགོན་པར་བདག་སྐྱོང་བྱེད་བཞིན་ཡོད།     སྔར་ཡོད་ཀྱི་དགོན་པའི་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་པད་མ་ར་བ་གསར་དུ་བཞེངས་ཡོད་ཅིང་།   དེའི་ནང་བཤད་གྲྭ་བཙུགས་ནས་སི་ཁྲོན་སྡེ་རོང་དང་འདབ་པ།  གཞན་ནང་སའི་གྲྭ་བ་སོགས་ཀྱི་སློབ་གཉེར་བ་མང་པོ་ཕེབས་ཡོད། 

        མིག་སྔར།  ཀརྨ་རྣམ་རྒྱལ་གླིང་ནི་ཡུན་ནན་ཞིང་ཆེན་གྱི་གནད་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་གྲས་ཡིན།  

 



འཇང་ཀརྨ་རྣམ་རྒྱལ་གླིང་།