སེམས་ཀྱི་ཉི་ཟླའི་རི་སྐྱེས་ཤ་མོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་འདོན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-24   རྩོམ་ཁུངས།   

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཆར་ཆེན་ཐེངས་མང་བབས་ནས།སེམས་ཀྱི་ཉི་ཟླའི་ཚོང་རར་བེ་ཤ་དང་ཤ་སེར།ལི་ཤ་མོ་སོགས་རི་སྐྱེས་ཤ་མོ་སྣ་མང་འདོན་ཡོད།

    རི་སྐྱེས་ཤ་མོའི་རིགས་ཚོང་རར་འདོན་མ་ཐག་ཡིན་རྐྱེན་གོང་ཚད་མཐོ་པོ་འཚོང་འདུག ཤ་སེར་རྒྱ་མ་གང་གི་གོང་ཚད་ནི་སྒོར་10ནས་སྒོར་20བར་རེད།ལི་ཤ་མོ་རྒྱ་མ་གང་གི་གོང་ཚད་ནི་སྒོར་25ནས་སྒོར་40བར་རེད།བེ་ཤ་ནི་རིམ་པ་བགོས་ནས་འཚོང་ཞིང་།རྒྱ་མ་གང་གི་གོང་ཚད་ནི་སྒོར་80ནས་སྒོར་100བར་རེད།ཚོང་རར་འདོན་པའི་ཤ་མོའི་རིགས་ཀྱི་གོང་ཚད་མཐོ་པོ་ཡིན་མོད།གྲོང་མི་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།



ཤ་སེར།



བེ་ཤ།



ལི་ཤ་མོ།

      སེམས་ཀྱི་ཉི་ཟླའི་བེ་ཤ་ནི་ཆུ་ཚོད་48ཀྱི་ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་སྐྱེལ་སྤྲོད་ཐུབ་པ་རེད།བེ་ཤ་སྐྱེལ་འདྲེན་བྱེད་པའི་ཁྲོད་དུ།སྐྱོན་ཤོར་བྱུང་སླ་བས།ཧྲུན་ཧྥེང་མགྱོགས་སྐྱེལ་གྱིས་ལམ་ཐག་ཧྲིལ་པོར་ཆེད་སྐྱོད་གནམ་གྲུས་སྐྱེལ་བ་སོགས་ཀྱི་རྣམ་པའི་སྒོ་ནས།ཆུ་ཚོད་48ཀྱི་ནང་སེམས་ཀྱི་ཉི་ཟླར་ཐོན་པའི་བེ་ཤ་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་སྐྱེལ་ཐོབ་པ་རེད།