ཤམ་བྷ་ལ་དུས་འཁོར་བློས་བསླངས།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཤམ་བྷ་ལ་དུས་འཁོར་བློས་བསླངས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནང་ཁོངས་ཀྱི་དཀྱིལ་འཁོར་ཐང་ཆེན་དུ་ཆགས་ཡོད་པ་དང་། མིང་དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་2015ལོའི་ཟླ5པའི་ཚེས18ཉིན་གནས་དེར་བྱོན་ནས་གནང་བ་དང་འབྲེལ་ཕྱག་བྲིས་གནང་བ་རེད།སྔ་མར་གནས་དེར་ཤམ་བྷ་ལ་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ཟེར་གྱི་ཡོད། 

 

ཤམ་བྷ་ལ་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་། 

      2015ལོའི་ཟླ6པའི་ཚེས21ཉིན་གྱི་སྔ་དྲོར་ཤམ་བྷ་ལ་དུས་འཁོར་བློས་བསླངས་ལ་མཚན་གནང་བར་དགའ་སྟོན་རྟེན་འབྲེལ་དང་ཐང་ག་རྐྱང་མ་བཤམས་སྟོན་བྱེད་པ་ཅི་ཉི་སི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བར་དཔང་དངོས་བདེན་པ་ཡིན་པའི་མཛད་སྒོའི་ཐོག་ཐང་ག་རྐྱང་མ་1699བཤམས་སྟོན་བྱས་པ་དེ་སྔ་མ་ཐང་ཁ་རྐྱང་མ1200བཤམས་སྟོན་བྱས་པའི་ཅི་ཉི་སི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བ་རེད།

 

ཤམ་བྷ་ལ་དུས་བློས་བསླངས།   

 

བདེ་མཆོག་ཕྱག་བཞི་བའི་སྐུ་འདྲ།

          དུས་དེ་ནས་བཟུང་།ཤམ་བྷ་ལ་དུས་འཁོར་བློས་བསླངས་ནང་གི་ཤམ་བྷ་ལ་དུས་འཁོར་བློས་བསླངས་དང་ཐང་ཁ་རྐྱང་མ་1699བཤམས་སྟོན་བྱས་པ་བཅས་རྣམ་གྲངས་གཉིས་ལ་ཅི་ཉི་སི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བའི་མིང་ཐོབ་པ་དང་།ལག་བཟོ་རྐྱང་མས་བཟོས་པའི་བདེ་མཆོག་ཕྱག་བཞི་པ་དང་ལག་རྐྱང་ཁོ་ནས་བྲིས་པའི་སྨན་རས་ཐང་ག175བཅས་རྣམ་གྲངས་གཉིས་ལ་ཧྲང་ཧའེ་འཛམ་གླིང་ཆེན་པོ་ཅི་ཉི་སིའི་ཟིན་ཐོ་ནས་དཔང་དངོས་བདེན་པ་ཡིན་པ་ཐོབ་པ་རེད།

 

 པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཤམ་བྷ་ལ་དུས་འཁོར་བློས་བསླངས་ལ་གནང་བའི་ཕྱག་བྲིས།   

 

ཐང་ག་འགྲེམས་སྟོན། 

 

སྨན་གྱི་ཐང་གའི་སྐོར།


     ལས་གྲྭ་འདིའི་རིག་གནས་སྤྱི་ཞིབ་པ་བཀྲ་ཤིས་དོན་འགྲུབ་ཀྱིས་ལས་གྲྭ་འདི་ནི2005ལོར་ལས་འགོ་ཚུགས་པ་དང་ཁང་ཐོག12ཡོད། སྔ་ཕྱིར་མ་དངུལ་སྒོར་དུང་ཕྱུར་5བཏང་ཡོད།ལོ་བཅུའི་རིང་ལ་འཛུགས་སྐྲུན་བྱས་ནས་ད་ལྟ་ཡོངས་སུ་བཟོས་ཚར་ཡོད། དེ་ནི་མ་འོངས་པར་བོད་ཁུལ་དུ་རྩ་ཆེ་བའི་བཞག་གཞི་རིག་གནས་ཤིག་ཡིན་ངེས་རེད་བཅས་བཤད་བྱུང་།