ལི་སུའུ་རིགས་ཏང་ཡོན་མང་ཚོགས་ཀྱིས་གསར་བརྗེའི་གླུ་གཞས་བཏང་ནས་འཕེལ་རྒྱས་ལ་བསྟོད་པ།

རྩོམ་པ་པོ།   ཀྲང་གོ་ཧྭ།  ཡིག་བསྒྱུར།       དུས་ཚོད།   2017-07-10   རྩོམ་ཁུངས།   

      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ6པའི་ཚེས27ཉིན།འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེའི་ཏང་ཀྲེ་པུའུ་དང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་དམིགས་བསལ་གྱི་རྣམ་པ་བརྒྱུད་ནས།ལ་ཀ་ལུའོ་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་བཙུགས་ནས་ལོ་འཁོར་96ལོན་པའི་སྐྱེས་སྐར་བསུ་བའི་བྱ་འགུལ་བསྡུས།ཐེངས་འདིའི་བྱ་འགུལ་དུ་ཏང་ཡོན་144བྱ་འགུལ་དུ་ཞུགས་པ་མ་ཟད།ཏང་ཡོན་མིན་པའི་མང་ཚོགས་སོགས་ཁྱོན་བསྡོམས་མི200ལྷག་ཞུགས་ཡོད་པ་རེད།ལོ་ན་90ལོན་པའི་ལི་སུའུ་རིགས་ཀྱི་ཏང་ཡོན་རྒན་པ་3ཡང་ཐེངས་འདིའི་བྱ་འགུལ་དུ་ཞུགས་ཡོད།ཉེ་འཁོར་གྱི་གྲོང་ཚོའི་གྲོང་མི་རྣམས་ཀྱང་འདིར་ཕེབས་ནས་བྱ་འགུལ་ལ་རྟེན་འབྲེལ་ཞུ་བ་རེད།ཡུལ་དངོས་སུ་མིས་བཀང་ཡོད་ལ་ཧ་ཅང་འདུ་འཛི་ཆེ།


      ཐེངས་འདིའི་བྱ་འགུལ་ནི་གསར་བརྗེའི་གླུ་གཞས་བཏང་ནས།ཏང་གི་དྲིན་ཚོར་བ་དང་འཕེལ་རྒྱས་ལ་བསྟོད་པ་ཞེས་པ་བརྗོད་གཞི་བྱས་ཏེ།ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་ཚིག་བསྐྱར་དྲན་བྱས་པ་དང་།ཏང་གི་སློབ་ཚན་ཁྲིད་པ།ཁྲིམས་ལུགས་དྲིལ་བསྒྲགས།རིག་རྩལ་འཁྲབ་སྟོན།ཤེས་བྱ་འགྲན་བསྡུར།སྔོན་ཐོན་ལ་གཟེངས་བསྟོད་སོགས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།

ཐེངས་འདིའི་བྱ་འགུལ་དུ།ལི་སུའུ་རིགས་དང་རྒྱ་རིགས།བོད་རིགས་སོགས་མི་རིགས་ཀྱི་རིག་རྩལ་འཁྲབ་ཚན་རིགས26ཡོད་པ་དང་།གར་གྱི་སྟངས་སྟབས་ཀྱིས་རྫ་ཆུར་གཡོ་འགུལ་ཐེབས་ལ།ངག་གི་འགྱུར་ཁུག་གཙང་གསུམ་བཞུར་རྒྱུན་དུ་གྲགས་བཞིན་ལི་སུའུ་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བླངས་པ་དང་།ལྷག་པར་དུ་དབུལ་སྐྱོར་གནད་འཕིགས་ལ་བསྟོད་གླུ་བླངས།



   འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེ་ནི་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་དབུལ་སྐྱོར་ཟུང་འབྲེལ་འབྲེལ་གཏུགས་ས་ཚིགས་ཡིན་པ་དང་།ལོ་མང་པོའི་རིང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་གྲོང་སྡེ་འདི་ལ་དབུལ་སྐྱོར་ལས་ཀ་སྤེལ་བ་དང་།ལྷག་པར་དུ་དབུལ་སྐྱོར་གནད་འཕིགས་སྤེལ་བ་བརྒྱུད་གྲོང་སྡེ་འདི་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།