《གེ་སར་རྒྱལ་པོ།》རྒྱལ་ཡོངས་ན་གཞོན་གྱི་པར་སྐྲུན་རིགས་བརྒྱའི་འོས་སྦྱོར་མིང་ཐོར་ཚུད་པ།

རྩོམ་པ་པོ།   ཚེ་དཔལ།  ཡིག་བསྒྱུར།       དུས་ཚོད།   2017-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

 རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ལམ་སྐབས་27པའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམ་སྟོན་ཚོགས་འདུའི་སྟེང་2017ལོའི་རྒྱལ་ཡོངས་ན་གཞོན་གྱི་པར་སྐྲུན་རིགས་བརྒྱའི་འོས་སྦྱོར་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འགུལ་རིས་གློག་བརྙན་འཕེལ་རྒྱས་ལྟེ་གནས་ནུབ་མཚོ་མི་རིགས་སྒྲ་བརྙན་པར་བསྐྲུན་ཁང་གིས་ཕབ་བསྐྲན་བྱས་པའི་མུ་འབྲེལ་འགུལ་རིས་ཟློས་གར་《གེ་སར་རྒྱལ་པོ།》མིང་ཐོར་ཚུད་པ་རེད། 
        རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཟླ་6པར་《གེ་སར་རྒྱལ་པོ།》མུ་འབྲེལ་འགུལ་རིས་བརྙན་འཕྲིན་ཟློས་གར《རྟ་རྒྱུགས་རྒྱལ་འཇོག》དང་《ཧོར་གླིང་གཡུལ་འགྱེད།》(སྟོད་ཆ་དང་སྨད་ཆ)གཉིས་བཟོ་བསྐྲུན་ལེགས་འགྲུབ་བྱུང་ནས་པར་སྐྲུན་བྱས། མུ་འབྲེལ་འགུལ་རིས་བརྙན་འཕྲིན་འདི་ལས་ས་གནས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། མ་རྩོམ་སོར་འཇོག་གི་རྨང་གཞིའི་སྟེང་ནང་དོན་དང་ཞིབ་ཕྲའི་བྱུང་རིམ་ལ་བཟོ་བཅོས་ཅུང་ཙམ་བྱས་ཡོད་པས་དུས་རབས་ཀྱི་ཁྱད་ཆོས་དང་སློབ་གསོའི་ཕན་ནུས་ཆེན་པོ་ལྡན་པ་རེད།