ཁུལ་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་འཚོགས་པ།

རྩོམ་པ་པོ།   བསོད་ནམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


         ཟླ3པའི་ཚེས27ཉིན་གྱི་སྔ་དྲོ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་གཟབ་རྒྱས་ངང་འཚོགས་པ།(ཧྲི་ཞན་ཡའོ་ཡིས་པར་བླངས།)

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ་ 3 པའི་ཚེས་ 27 ཉིན་ནས་ཚེས་ 30 ཉིན་བར།དུས་ཡུན་ཉིན་ 4 ཡིན་པའི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་མཐུན་སྒྲིལ་དང་ཡར་རྒྱས་བརྩོན་ལེན་དང་།དམངས་གཙོ་དང་འཆམ་མཐུན་གྱི་ངང་ཚུལ་ཁྲོད་དུ་གྲོས་རིམ་ཁག་ལེགས་འགྲུབ་བྱུང་རྗེས།ཟླ 3  པའི་ཚེས་ 30 ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།ཚོགས་འདུས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་སྲིད་གྲོས་ལ་ཞུགས་མཁན་སྡེ་ཁག་སོ་སོ་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས།བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགོ་ཁྲིད་འོག  དཀའ་དཔྱད་འབད་བརྩོན་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པར་མི་དམངས་སྲིད་ཀྱིས་ཡོད་དགོས་པའི་བྱས་རྗེས་འཇོག་རྒྱུའི་འབོད་བརྡ་བཏང་བ་རེད།
        ཚོགས་ཆེན་གྱི་ལག་བསྟར་གཙོ་སྐྱོང་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་དབྱང་ཝུན་ལིའང་།ཤར་རྩེ་བསྟན་འཛིན་ཆོས་འཕེལ།ཞའོ་ཐུབ་བསྟན།བུམ་གྲུབ་བློ་བཟང་ཡོན་ཏན།བཀྲ་ཤིས་དོན་གྲུབ།ཧོ་ལི་ཚའེ།ཧོ་ཀིན་ཧོ།ཨ་ཆེན།ཕུང་ཡའོ་ཧྥུས་བཅས་ཡིན།
        འགོ་ཚུགས་མཛད་སྒོའི་ཐོག ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་དང་ཁུལ་གཙོ་ཧོང་ཀྲེང་ཧུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་མིང་ཧྲུའུ་དང་མ་ཝུན་ལུང་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་ཤིང་ཀྲུའུ་ཞིའི་སྟེགས་བུར་བཞུགས་པ་རེད།
        འགོ་ཚུགས་མཛད་སྒོའི་ཐོག་ཏུའུ་ཡུང་ཁྲུན་གྱིས་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ཕུལ་བ་རེད།
 མཇུག་སྒྲིལ་བའི་ཚོགས་ཆེན་ཐོག་རང་ཁུལ་གྱི་འགོ་ཁྲིད་ཧོང་ཀྲེང་ཧུང་དང་དབྱང་མིང་ཧྲུའུ།ལི་ཚན་ཀོང་།ལུའུ་ཡུང་མིང་།ཀྲང་ཀྲེ་ཅུན།ཡུས་ཧྲེང་ཞང་།ནོར་བུ་གཡང་འཛོམས།ཆེ་ཅན་ཞིན།ཧོ་ཧྲི་ཚུང་།དབྱང་ཞུའེ་ལིའང་།ཁྲེང་ཅུན་མིང་།ཝང་ཐན་ཞི།ཧོ་ཀྲེང་ཏུང་།དབྱང་ཀྲེང་ཡི།སྲུང་ཐའོ།པའོ་ཧྲུན་མིང་།ལི་ཧྲི་ཆིང་།ཐང་མིང་ཀྲུང་།ཚའོ་རུའུ་ཀྲུང་དང་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་རྒན་པ་ཀྲུའོ་ཡི་ཡུའེ་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
        མཇུག་སྒྲིལ་བའི་ཚོགས་ཆེན་ཐོག་ཏུའུ་ཡུང་ཁྲུན་གྱིས་  《བདེན་འཚོལ་དངོས་གཉེར་བྱེད་པ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ》 ཞེས་པའི་གསུང་བཤད་གནང་བ་རེད།ཚོགས་འདུས་ 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད》 དང་ 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ》 ལ་གྲོས་འཆམ་བྱུང་བ་རེད། དུས་ཡུན་ཉིན་ 4 ཡིན་པའི་ཚོགས་འདུའི་བར་སྐབས་སུ།ཚོགས་འདུར་ཞུགས་པའི་ཨུ་ཡོན་གྱིས་ 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ》 དང་ 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ》 ལ་ཉན་པ་དང་གྲོས་ཞིབ་བྱས་པ།ཚོགས་འདུར་ཞུགས་པའི་ཨུ་ཡོན་གྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་བ་དང་། 《སྲིད་གཞུང་ལས་ཀའི་སྙན་ཞུ》 དང་ 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ》 དང་ 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ》 དང་དེ་མིན་གྱི་འབྲེལ་ཡོད་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་པ་རེད།
        ཚོགས་འདུས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལས་ཀ་ལ་ཁྱོན་ཡོངས་ནས་ཕྱིར་མིག་བལྟས་པ་དང་འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་དང་།དེང་ཕྱིན་གྱི་ལས་ཀའི་བསམ་འཆར་འདོན་པ་རེད།ཚོགས་འདུ་དེ་སྟབས་བདེ་བབ་ཆགས་དང་དངོས་དོན་གཉེར་བ་དང་ལས་ཆོད་ལྡན་པ་ཞིག་ཡིན་ཞིང་།དམངས་གཙོ་དངོས་གཉེར་གྱི་ཚོགས་འདུ་ཞིག་དང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད།མཐུན་སྒྲིལ་དང་ཡར་རྒྱས་བརྩོན་ལེན་གྱི་ཚོགས་འདུ་ཞིག་ཡིན་པ་རེད།
       ཏུའུ་ཡུང་ཁྲུན་གྱིས་གསུང་བཤད་ཐོག་གསུང་དོན།མི་དམངས་སྲིད་གྲོས་ཀྱི་ལས་ཁུངས་དང་སྲིད་གྲོས་ཨུ་ཡོན་ཞིག་ཡིན་ཕྱིན་ངེས་པར་དུ་སྲིད་གྲོས་རྩ་འཛུགས་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་བྱེད་ནུས་དར་སྤེལ་འདང་ངེས་གཏོང་དགོས་ཤིང་།ཨུ་ཡོན་གྱིས་ལས་འགན་གཙང་སྒྲུབ་བྱེད་པ་དང་ལས་རིགས་ཁག་གིས་ཁས་ལེན་པ་དང་།ཁུལ་ཨུས་ཡིད་ཚིམ་པ།ཞིང་ཆེན་ནང་ལ་གོ་གནས་ཡོད་ལ།རྒྱལ་ཡོངས་བོད་ཁུལ་དུ་བག་ཆགས་བཞག་ཡོད་རྒྱུའི་སྲིད་གྲོས་ལས་ཀའི་བླང་བྱ་ལྟར།འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ་དང་འགན་འཁྲི་ལག་བསྟར་བྱེད་པའི་གཙོ་བོ་གནད་ཐིག་པོ་འཛིན་པ།ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བ།དངོས་གཉེར་ལས་སྒྲུབ་དང་རང་འགན་གཙང་སྒྲུབ་བཅས་བྱེད་དགོས།
       ཏུའུ་ཡུང་ཁྲུན་གྱིས་མཐར་གསུང་དོན།སྲིད་གྲོས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་གི་ཁོངས་མི་ཞིག་ཡིན་ཕྱིན་ང་ཚོས་བདེ་ཆེན་གྱི་ “དཔེ་སྟོན་ཁུལ” གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ལུས་སྟོབས་འདོན་པ་དང་བློ་གྲོས་ཕུལ་བ་དེ་ལྷན་རྒྱས་ཀྱི་གཟི་བརྗིད་ཡིན་ཞིང་འགན་འཁྲི་ལྗིད་པོའང་ཡིན།ང་ཚོས་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་འདོན་སྤེལ་ཤུགས་ཆེན་བྱས་ནས་དངོས་སུ་སྒྲུབ་པ་དང་།བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ།བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་བབ་གསར་པ་གཏོད་པར་མི་དམངས་སྲིད་གྲོས་ཀྱི་ཡོད་དགོས་པའི་བྱས་རྗེས་འཇོག་དགོས།