ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པ་དང་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་རང་ཁུལ་དུ་འཚོགས་པ།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


       ཚེས22ཉིན།ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པ་དང་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་རང་ཁུལ་དུ་འཚོགས་པ།

        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།    ཚེས་22ཉིན།ཞིང་ཨུའི་བོད་ཁུལ་(བོད་བརྒྱུད་ནང་བསྟན)ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་རང་ཁུལ་དུ་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པ་དང་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།གྲོས་ཚོགས་ཀྱིས་བཏོན་དོན།བཅའ་ཁྲིམས་ལྟར་དོ་དམ་བྱེད་པ་དང་།དམངས་གཙོའི་དོ་དམ་དང་སྤྱི་ཚོགས་ཀྱི་དོ་དམ་བཅས་ཀྱིས་སྲོག་ཤིང་དུ་གྱུར་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པ་དེ་མཐོར་འདེགས་ནས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་དགོས་པ་དང་།ཡུན་ནན་བོད་ཁུལ་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་པར་བྱས་རྗེས་གསར་པ་འཇོག་དགོས།
        ཞིང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ཆིའུ་ཧོ་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་བ།ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་ཧོང་དབྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ།ཞིང་ཆེན་གྱི་འགོ་འཛིན་གཞོན་པ།ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་དབྱིན་ཅན་ཡེ་ཡིས་གཟེངས་བསྟོད་སྐོར་གྱི་གཏན་འབེབས་ཀློག་པ།ཞིང་ཨུའི་དྲུང་ཆེན་གཞོན་པ་ཆན་ཧིང་དབྱི་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་གཙོ་ཧོང་ཀྲེང་ཧུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་སོགས་རང་ཁུལ་གྱི་འགོ་ཁྲིད་དང་ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་མཁན་གྲོས་ཚོགས་སུ་ཕེབས་པ་རེད།
        ཆིའུ་ཧོ་ཡིས་གསུང་བཤད་ཐོག་བསྟན་དོན།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་ནས་བཟུང་བོད་ཁུལ་གྱི་ལས་ཀ་དང་བོད་བརྒྱུད་ནང་བསྟན་ལས་ཀར་མཐོང་ཆེན་བྱས་ཀྱི་ཡོད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དེ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ནས།བོད་བརྒྱུད་ནང་བསྟན་ལས་ཀ་དང་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པར་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད་ལ་རྩ་ཆེའི་ཉམས་མྱོང་བསགས་ཡོད་པ་རེད།ཆིའུ་ཧོ་ཡིས།གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དགོན་སྡེ་དང་གྲྭ་བཙུན་གྱིས་མུ་མཐུད་དུ་“རྒྱལ་གཅེས་ཆོས་གཅེས་དང་།སྡོམ་སྲུང་ཁྲིམས་སྲུང་།ཉེས་བསྐྱུར་བཟང་སྤེལ།འཆམ་མཐུན་ཡར་གཏོད།ཞི་བདེ་ཐོབ་རེ་བྱེད་པ་བཅས་ཀྱི”སྲོལ་བཟང་གོང་འཕེལ་བཏང་ནས།བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འོས་མཐུན་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་པ་དང་།རྒྱལ་གཅེས་ཆོས་གཅེས་བྱེད་དགོས་པ་དང་།ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མུ་མཐུད་དུ་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ལ་ཁས་ལེན་པའི་འདུ་ཤེས་མཐོ་རུ་གཏོང་དགོས་པ།མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པ་དང་།བློ་ཐག་རྦད་ཆོད་ཀྱིས་ཁ་ཕྲལ་དང་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱེད་དགོས།རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཆོས་ལུགས་ཀྱི་སྡོམ་པ་བརྩི་སྲུང་བྱེད་དགོས།    
        ཆིའུ་ཧོ་ཡིས་ནན་གྱིས་གསུང་དོན།བཅའ་ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་སྒོ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་ཆོས་དད་རང་དབང་དེ་ཏན་ཏིག་གིས་ཁག་ཐེག་བྱེད་དགོས།རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་ཚབ་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆོས་ལུགས་ལས་གཉེར་བའི་འཚོ་བར་ཐུགས་ཁུར་བྱེད་དགོས།གསར་འཛུགས་བྱེད་སྒོའི་ནང་དོན་དང་རྟེན་གཞི་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོ་ཚན་རིག་ཅན་དང་།ལམ་ལུགས་ཅན།རྒྱུན་ལྡན་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།
        ཧོང་དབྱིས་གྲོས་ཚོགས་གཙོ་སྐྱོང་གནང་བའི་སྐབས་སུ་ནན་གྱིས་གསུང་དོན།ཐེངས་འདིའི་གྲོས་ཚོགས་དེ་འགག་རྩའི་གོ་སྐབས་སུ་འཛིན་ནས།སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་རྗེས་སྙེག་པ།སྔོན་ཐོན་པ་བྱེད་རྒྱུར་འབད་བརྩོན་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་།ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་རང་ཉིད་ཀྱི་འཛུགས་སྤེལ་ལ་གཙིགས་སུ་འཛིན་ཏེ།དགོན་སྡེ་དེ་ཆོས་ལུགས་བྱེད་སྒོ་སྤེལ་བའི་འཆམ་མཐུན་གྱི་ར་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་གལ་ཆེའི་གཡུལ་ས།བོད་ཁུལ་གྱི་མི་རིགས་རིག་གནས་ཕྱིར་སྟོན་པའི་དམིགས་བསལ་གྱི་སྒེའུ་ཁང་།ཆོས་ལུགས་ལས་གཉེར་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་སིམ་འཛུལ་ལ་ངོ་རྒོལ་གཏོང་བའི་སྲ་བརྟན་གྱི་བཙན་རྫོང་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ།ཧུར་ཐག་གིས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
        གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོའི་ཁྲོད་དུ་ཐོན་པའི་སྔོན་ཐོན་དགོན་སྡེ་10དང་སྔོན་ཐོན་གྲྭ་བཙུན་30   ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ལ་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་པ་དང་འཆམ་མཐུན་དགོན་སྡེའི་གསར་འཛུགས་བྱེད་སྒོའི་སྔོན་ཐོན་ཐུན་མོང་20་དང་སྔོན་ཐོན་མི་སྒེར་30ལ་གཟེངས་བསྟོད་གནང་བ་དང་།གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་ཚབ་ཀྱིས་གསུང་བཤད་གནང་ཞིང་《གྲོས་འགོ་འདོན་ཡིག》ཀློག་པ།གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་འགའ་དང་མི་སྒེར་འགའ་ཡིས་ད་དུང་གྲོས་ཚོགས་ཐོག་སྤེལ་རེས་གསུང་བཤད་གནང་བ་རེད།