གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས་གསར་བ་འགྲེམ་སྤེལ་བྱས་པ་དང་གཞས་ཚོགས་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-22   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཟླ3པའི་ཚེས23ཉིན། བོད་རིགས་གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས་གསར་བ《རེ་སྒུག》ཅེས་པའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས་པེ་ཅིང་དུ་སྤེལ་ཞིང་། ཞང་ཀང་གི་མོའོ་ཧྲོ་ཚུང་དང་ནང་ལོག་ས་ཁུལ་གྱི་སོའུ་ཆིན། དེ་མིན་གླུ་བ་གང་མང་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས་འདིར་ཞུགས་ཏེ་ཡུལ་དངོས་སུ་གདུགས་དཀར་ཡག་ལ་སྐུལ་ལྕག་གི་ཚུལ་དུ་གླུ་གཞས་ཕུལ་བ་རེད།
        ཟླ4པའི་ཚེས13ཉིན། གླུ་བ་གདུགས་དཀར་ཡག་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཞས་ཚོགས་བསྡུས་ནས་ཁོང་ལ་རྒྱབ་སྐྱོར་གནང་བའི་གཞས་གྲོགས་རྣམས་ལ་བཀའ་དྲིན་ཞུ་བ་རེད། གླུ་བ་གདུགས་དཀར་ཡག་གིས་ཆེད་བསྒྲིགས་ཁྲོད་ཀྱི་གླུ་གཞས་ཏེ《རེ་སྒུག》དང་། 《མ་ཎི་ཡིག་དྲུག》 《སེམས་ནང་གི་བུ་མོ》སོགས་སྒྲ་འཛིན་གྱི་དབང་བོའི་བཅུད་འཕྲོག་པར་བྱེད་པའི་གླུ་གཞས་སྙན་མོ་དག་གཞས་གྲོགས་རྣམས་ཀྱི་སྙན་ལམ་དུ་ཕུལ་བས། ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད། 
        གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས《རེ་སྒུག》ཅེས་པའི་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་རོལ་དབྱངས་དང་དེང་རབས་ཀྱི་རོལ་དབྱངས་གཉིས་ལེགས་པོ་ཟུང་དུ་སྦྲེལ་འདུག་པས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་འདུག་པ་རེད།