མིང་གྲགས་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་རྡོ་རྗེ་ཐར་ཚེ་ལས་འདས་པ།

རྩོམ་པ་པོ།   ལྷ་མོ་ཚེ་སྐྱིད  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།    མཚོ་སྔོན་པོ།

         

         བོད་ཀྱི་མིང་དུ་གྲགས་པའི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་རྡོ་རྗེ་ཐར།

        ཟླ4བའི་ཚེས7ཉིན། མིང་དུ་གྲགས་པའི་བོད་ཀྱི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་རྡོ་རྗེ་ཐར་ཟི་ལིང་དུ་ཚེ་ལས་འདས་ཤིང་དགུང་ལོ66ཡིན།
        ཁོ་ནི་རོང་བོ་དགོན་པའི་བོད་ཀྱི་ཟློས་གར་དེ་དེང་རབས་གར་སྟེགས་སུ་སྐྱེལ་བའི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་ཡིན་ལ། ཁོས་སྒྲིག་འཁྲབ་བྱས་པའི《རྒྱལ་པོའི་ཕོ་ཉ》ཞེས་པས་བོད་ཁམས་ཡོངས་སུ་སྒུལ་ཤུགས་ཆེས་ཆེར་བཏོན་ཞིང1994ལོར་ཀྲུང་གོའི་ཟློས་གར་ཁྱབ་ཁོངས་ཀྱི་དོན་ཆེན་ཞིག་ཏུ་གྱུར། ཁོ་ནི་རོང་བོའི་དགུ་ཆུ་འགྲམ་ནས་འཚར་ལོངས་བྱུང་ལ། མི་ཚེའི་ཤེས་རབ་ཡོངས་སུ་བོད་ཀྱི་ཟློས་གར་སྲུང་སྐྱོབ་དང་འཕེལ་རྒྱས་བྱེད་པའི་ལས་དོན་ལ་གཞོལ་བ་རེད།
        རྡོ་རྗེ་ཐར་ནི་རེབ་གོང་གི་བོད་མི་དཀྱུས་མ་ཞིག་སྟེ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་བྱས་མྱོང་བ་མ་ཟད།  ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་ཚོགས་པའི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་ཚོགས་པའི་ཚོགས་མི། ཞིང་ཆེན་ལྔའི་བོད་ཀྱི་ཟློས་གར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཨུ་ཡོན། ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཟློས་གར་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན་པ་རེད།
        ཁོས་བྲོ་གར་དང་། གླུ་གཞས། བཞད་གར། ཁ་ཤགས། བོད་ཀྱི་ཟློས་གར་སོགས་སྒྱུ་རྩལ་བརྩམས་ཆོས་བརྒྱ་ལ་ཉེ་བ་ཙམ་གསར་བསྐྲུན་བྱས་མྱོང་ཞིང་། དེ་ལས《རྒྱལ་པོ་ནོར་བཟང》ཞེས་པར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར35ལོན་པར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་དང་། 《གཟུགས་ཀྱི་ཉི་མ》ལ་རྒལ་ཡོངས་གྲངས་ཉུང་མི་རིགས་བརྗོད་གཞིའི་ཟློས་གར་འཁྲབ་གཞུང་དངུལ་གྱི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། 《རྒྱལ་པོའི་ཕོ་ཉ》ཞེས་པར1991ལོར་མཚོ་སྔོན་ཞིང་ཆེན་རིག་རྩལ་སྐོང་འཁྲབ་ཀྱི་སྒྲིག་འཁྲབ་བྱ་དགའ་ཨང་དང་པོ་དང་། འཁྲབ་ཁྲིད་ཀྱི་བྱ་དགའ་ཨང་གཉིས་པ། 1992ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་བརྗོད་གཞིའི་ཟློས་གར་འཁྲབ་གཞུང་གི་དངུལ་གྱི་བྱ་དགའ་དང་། 1993ལོར་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའི“ལྔའི་ལས་གཞི་གཅིག”ཅེས་སུ་ཚུད་པའི་བརྩམས་ཆོས་ཀྱི་བྱ་དགའ་སོགས་གང་མང་ཐོབ་མྱོང་། 《གསེར་མདོག་གི་སྐྱ་རེངས》ཞེས་པར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིག་རྩལ་སྐོང་འཁྲབ་ཀྱི་འཁྲབ་ཁྲིད་བྱ་དགའ་ཨང་དང་པོ་དང་།  《སྐལ་བཟང་མེ་ཏོག་བཞད་དུས》ཞེས་པར་མཚོ་སྔོན་མི་རིགས་རིག་གནས་གནས་སྐོར་དུས་ཆེན་ཆེད་ལས་རིག་རྩལ་སྐོང་འཁྲབ་ཀྱི་ཕྱོགས་བསྡུས་བྱ་དགའ་ཨང་དང་པོ་དང་། འཁྲབ་ཁྲིད་བྱ་དགའ་ཨང་གཉིས་པ།  2006ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ《སྟག་སེང་ཁ་སྤྲོད》ཞེས་པའི་གེ་སར་ཟློས་གར་འཁྲབ་སྟོན་ལེགས་འགྲུབ་བྱུང་ཞིང་། 2008ལོར《རྟ་རྒྱུག་རྒྱལ་འཇོག》ཞེས་པའི་གེ་སར་ཟློས་གར་འཁྲབ་སྟོན་ལེགས་འགྲུབ་བྱུང་བ་རེད།