དགའ་རོགས་དང་འབྲས་ཐུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    བོད་ཀྱི་རྩོམ་རིག་སྒྱུ་རྩལ།

  

      སློབ་ཕྲུག་ཁ་ཤས་ཤིག་ཉལ་ཁང་ནང་དུ་དགའ་རོགས་དང་འབྲས་ཐུག་ག་རེ་ཡག་པ་ཡོད་མིན་རྩོད་གླེང་བྱེད་བཞིན་གདའ། དགའ་རོགས་འབྲས་ཐུག་ལས་ཡག་པ་ལོས་ཀྱང་ཡོད། ཧོབ་སྟེ་བལྟས་ཚེ་ལན་དེ་ཤིན་ཏུ་སྟབས་བདེར་མཐོང་ཡང་རྗེས་སུ་ཁོང་ཚོ་ཚང་མས་འབྲས་ཐུག་དགའ་རོགས་ལས་ཀྱང་ཡག་པའི་ཡིད་ཆེས་བྱས། འོ་ན་ཁོང་ཚོར་ཇི་ལྟར་བྱས་ནས་བསྡོམས་ཚིག་འདི་ལྟར་བྱུང་བ་རེད་དམ་ཞེ་ན། ཁོང་ཚོའི་རྒྱུ་མཚན་འདི་ལྟར། དགའ་རོགས་ལས་ཡག་པའི་དངོས་པོ་ཅི་ཡང་མེད། འབྲས་ཐུག་ཡོད་པ་དེ་ཅི་ཡང་མེད་པ་ལས་ཡག གལ་སྲིད་ཅི་ཡང་མེད་པ་དགའ་རོགས་ལས་ཡག་པ་དང་འབྲས་ཐུག་དེ་ཅི་ཡང་མེད་པ་ལས་ཡག་ན། འབྲས་ཐུག་ཏན་ཏན་དགའ་རོགས་ལས་ཡག་པ་ཡོད་ངེས་རེད། བྱས་ན་ཁྱེད་རང་དེར་མོས་མཐུན་མེད་དམ།